澎湃Logo
下载客户端

登录

  • +1

【藏文版】班玛法院开展党员干警政治理论和党建知识测试主题党日活动

2020-12-22 18:17
来源:澎湃新闻·澎湃号·政务
字号

པདྨ་ཁྲིམས་ཁང་གིས་ཏང་ཡོན་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་གཞུང་ལུགས་དང་ཏང་འཛུགས་སྐྱོང་གི་ཤེས་བྱའི་ཚོད་རྒྱུགས་བརྗོད་བྱ་གཙོ་བོ་ཡིན་པའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ།

སྤྱོད་ཚུལ་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་བཅོས་སྒྲིག་གི་ཆེད་དོན་བྱ་འགུལ་གཏིང་ཇེ་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཏང་ཡོན་ལས་བྱེད་ཉེན་རྟོག་པའི་ཆབ་སྲིད་གཞུང་ལུགས་དང་ཏང་འཛུགས་སྐྱོང་གི་ཤེས་བྱའི་སློབ་སྦྱོང་གི་འབྲས་བུ་ཉམས་སུ་ལེན་པ། ལས་བྱེད་ཉེན་རྟོག་པའི་གཞུང་ལུགས་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་ཆེད། ཟླ༡༢པའི་ཚེས༡༨ཉིན་པདྨ་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་ཡོན་ལས་བྱེད་ཉེན་རྟོག་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཏང་ཡོན་གྱིས་ཤེས་དགོས་པའི་ཆབ་སྲིད་གཞུང་ལུགས་དང་ཏང་འཛུགས་སྐྱོང་གི་ཤེས་བྱའི་ཚོད་རྒྱུགས་ཀྱི་བྱ་འགུལ་སྤེལ།

ད་ཐེངས་ཀྱི་ཚོད་རྒྱུགས་འདི་ཟུམ་རྒྱུགས་ཡིག་རྒྱུགས་ཀྱི་རྣམ་པ་སྤྱད་ཅིང་། ནང་དོན་གྱི་ཁོངས་སུ་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཏང་གི་ལོ་རྒྱུས་དང་ཏང་འཛུགས་སྐྱོང་། ཏང་ནང་གི་ཁྲིམས་སྲོལ། ཤེས་དགོས་ཏང་འཛུགས་སྐྱོང་གི་ཤེས་བྱ། ཆེད་དོན་བྱ་འགུལ་བཅས་ཀྱི་འབྲེལ་ཡོད་ཤེས་བྱ་དག་འདུས་ཡོད་ལ། དེས་ཏང་ཡོན་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཚོད་རྒྱུགས་བརྒྱུད་ནས་རང་སྟེང་གི་ཏང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་གཞུང་ལུགས་ཤེས་བྱ་ཁོངས་སུ་ཆུད་ཚད་ཤེས་པ་མ་ཟད་སློབ་སྦྱོང་གྲུབ་འབྲས་ཕྱོགས་ཀྱི་མི་འདང་བ་དང་། ཆབ་སྲིད་གཞུང་ལུགས་སློབ་སྦྱོང་གི་འབྲས་བུ་དངོས་ཡོད་ཀྱིས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་དགོས་པ། ཆེད་དོན་བྱ་འགུལ་ལ་སྤུས་ལེགས་ཀྱི་གཞུང་ལུགས་འགན་ལེན་མཁོ་འདོན་བྱ་དགོས་པ་རྟོགས་ཡོད།

ཚོད་རྒྱུགས་བརྒྱུད་ནས་ཏང་ཡོན་ལས་བྱེད་ཉེན་རྟོག་པས་གཞི་རྩའི་གཞུང་ལུགས་ཤེས་བྱའི་ཁོངས་སུ་ཆུད་ཚད་དང་གོ་བ་ལེན་པ།བཀོལ་སྤྱོད་བཅས་ཀྱི་ཐད་ནུས་ཡོད་ཀྱིས་ཞིབ་བཤེར་ཐོབ་ཡོད་ཅིང་། རྒྱུགས་ལ་བརྟེན་ནས་སློབ་སྦྱོང་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ལ། ཏང་ཡོན་ལས་བྱེད་ཉེན་རྟོག་པས་ཤེས་དགོས་པའི་ནང་དོན་གྱི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་མཐོར་འདེགས་སུ་བཏང་ཡོད།

པདྨ་རྫོང་མི་དམངས་ཁྲིམས་ཁང་གིས་ད་ཐེངས་ཀྱི་ཚོད་རྒྱུགས་གོ་སྐབས་སུ་བཟང་ཞིང་། ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་མུ་མཐུད་དུ་གཞུང་ལུགས་ཤེས་བྱ་ཀླད་པའི་དྲག་ཆས་སུ་སྤྲས་པ་ལྟ་སྐུལ་སློབ་སྟོན་བྱས་ཏེ། ལག་ལེན་ལ་སློབ་སྟོན་དང་བྱ་བར་སྐུལ་འདེད་བྱས་ནས། སློབ་སྦྱོང་བྱ་ཐུབ་པ་དང་སློབ་སྦྱོང་བྱ་ཤེས་པ། བྱ་བ་བསྒྲུབ་ཐུབ་པ་དང་བྱ་བ་བསྒྲུབ་ཤེས་པ་བཅས་ཀྱི་དུས་རབས་གསར་བའི་ཁྲིམས་ཁང་གི་དཔུང་སྡེ་ཞིག་འཛུགས་དགོས།

审 核|朋毛东知

翻 译|桑 杰 加

编 辑|王 艳 志

原标题:《【藏文版】班玛法院开展党员干警政治理论和党建知识测试主题党日活动》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈