澎湃Logo
下载客户端

登录

  • +1

佛协西藏分会:科学“放生”倡议书(藏汉双语版)

2021-01-15 18:22
来源:澎湃新闻·澎湃号·政务
字号

来源:中国佛教协会西藏分会

科学“放生”倡议书

全区藏传佛教界代表人士、寺庙僧尼、信教群众:

“放生”,是信教群众把可能被宰杀、面临生死痛苦的动物解救出来,放归到适合它们生存的自然环境,涵养仁恕、践行慈悲,爱护生命、保护生命,促进生态文明、构建和谐社会。据查,西藏地区土著鱼类有60种(13亚种),民间自发进行“放生”历史悠久。每年有意愿的多民族同胞都会从市场上购买活鱼“放生”到河(湖)流域。许多外来鱼类,难以适应高原生境,最终难逃死亡厄运,“放生”即等于“杀生”。侥幸活下来的极少数鱼类,多为食肉性鱼类,其已成为本地鱼类的“杀手”。同时,外来鱼类对西藏水生态系统安全已构成严重威胁。因此,我们向全区藏传佛教界代表人士、寺庙僧尼和信教群众发出倡议:

一、合规“放生”。信教群众要严守有关法律法规,遵守《水生生物增殖放流管理规定》等有关规定,按照市场监管、农业农村、生态环境、林业和草原、农科院、宗教、公安、水政、动物卫生监督等部门规定的时间、地点、水域“放生”。自觉接受政府有关部门的监督检查,严禁随意“放生”。

二、科学“放生”。水生生物增殖放流关乎生物多样性保护和水域生态安全。“放生”的鱼类必须是本地鱼种,杜绝外来鱼苗“放生”。用于“放生”的鱼苗,应当来自有资质的生产单位,并经检验检疫合格。

三、文明“放生”。树牢保护和关爱水生生物的慈悲理念,采用文明方式进行“放生”。“放生”鱼类要贴近水面放流,有条件的应采用滑道等设施,减缓鱼苗受水体冲击,减少机械性损伤,杜绝抛洒或高空倾倒的“放生”方式,确保鱼类生命安全,善愿结善果、好心成好事。

我们号召全区藏传佛教界代表人士、寺庙僧尼和信教群众要相互监督“放生”行为,对违规“放生”破坏水域生态安全的行为要积极举报。

自治区市场监督管理局举报电话:12315

联系人:网络交易监管处 仁增央金

自治区农业农村厅举报电话:0891-6323678

联系人:畜牧水产处 王晓明

自治区“总河长”办举报电话:0891-6373264

联系人:水利厅河湖管理处 武强

中国佛教协会西藏分会

2021年1月13日

ཚན་རིག་དང་མཐུན་པའི་ངང་“ཚེ་ཐར” གཏོང་བའི་གྲོས་འདོན་ཡི་གེ།

ལྗོངས་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་ཚབ་མཚོན་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དད་ལྡན་མང་ཚོགས་ལྷན་རྒྱས་ལ།

“ཚེ་ཐར” གཏོང་བ་ནི་དད་ལྡན་མང་ཚོགས་ཚོས་སྲོག་ཉེན་ཡོད་པ་དང་ཤི་བའི་སྡུག་བསྔལ་ལ་ཐུག་པའི་སྲོག་ཆགས་བསྐྱབས་ནས་ཁོ་ཚོ་འཚོ་སྡོད་བྱེད་རྒྱུ་དང་འཚམ་པའི་རང་བྱུང་ཁོར་ཡུག་ཁྲོད་གློད་གྲོལ་གཏོང་བར་ཟེར་ཞིང་། དེར་བྱམས་དང་སྙིང་རྗེ་སྒོམ་པ་དང་། ཚེ་སྲོག་ལ་གཅེས་སྐྱོང་དང་སྲུང་སྐྱོབ་བྱེད་པ། སྐྱེ་ཁམས་ཤེས་དཔལ་ལ་སྐུལ་འདེད་དང་ཞི་མཐུན་ལྡན་པའི་སྤྱི་ཚོགས་འཛུགས་སྐྱོང་བྱས་པ་བཅས་ཀྱི་དོན་སྙིང་ལྡན་ཡོད། བརྟག་དཔྱད་ཞིབ་བཤེར་བྱས་པ་བརྒྱུད། བོད་ལྗོངས་སུ་རང་སའི་ཉ་རིགས་ནི་60(རིགས་རྒྱུད་གཉིས་པའི་རིགས13)ཡོད་ཅིང་། དམངས་ཁྲོད་དུ་རང་འདོད་ངང་“ཚེ་ཐར”གཏོང་བའི་ལོ་རྒྱུས་ཧ་ཅང་རིང་པོ་ལྡན་ཡོད། ཚེ་ཐར་གཏོང་འདོད་ཡོད་པའི་མི་རིགས་མང་པོའི་སྤུན་ཟླ་ཚོས་ལོ་ལྟར་ཁྲོམ་རའི་ཐོག་ནས་ཉ་གསོན་པོ་ཉོས་ཏེ་ཆུ་བོའི(མཚེའུ་)ནང་“ཚེ་ཐར”གཏོང་གི་ཡོད་པ་རེད། ཡིན་ཡང་ས་ཆ་གཞན་ནས་འཁྱེར་ཡོང་བའི་ཉ་རིགས་དེ་དག་ས་མཐོའི་སྐྱེ་ཁམས་དང་མི་འཚམ་པས་མཐའ་མ་ཤི་རྒྱུའི་རྐྱེན་ངན་ལས་ཐར་ཐུབ་ཀྱི་མེད། དེ་བས་ན“ཚེ་ཐར”གཏོང་བ་ནི་དོན་དངོས་སུ“སྲོག་གཅོད”བྱེད་པ་དང་ཁྱད་པར་མེད། སྟེས་དབང་གིས་གསོན་པོར་འཚོ་གནས་ཐུབ་པའི་ཆེས་ཉུང་ཤས་ཀྱི་ཉ་རིགས་དེ་དག་མང་ཆེ་བ་ནི་ཤ་ཟན་གྱི་ཉ་རིགས་ཡིན་པས་རང་སའི་ཉ་རིགས་ཀྱི“སྲོག་གཅོད་མཁན”ཞིག་ཏུ་གྱུར་ཡོད། དུས་མཚུངས། ས་ཆ་གཞན་ནས་འཁྱེར་ཡོང་བའི་ཉ་རིགས་ཀྱིས་བོད་ཀྱི་ཆུའི་སྐྱེ་ཁམས་རྒྱུད་ཁོངས་ཀྱི་བདེ་འཇགས་ལ་ཉེན་ཁ་ཧ་ཅང་ཚབས་ཆེན་བཟོས་ཡོད། དེར་བརྟེན། ང་ཚོས་ལྗོངས་ཡོངས་བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་ཚབ་མཚོན་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དད་ལྡན་མང་ཚོགས་བཅས་ལ་གྲོས་འདོན་བྱ་རྒྱུ་སྟེ།

གཅིག ཁྲིམས་སྲོལ་དང་མཐུན་པའི་ངང་“ཚེ་ཐར”གཏོང་བ། དད་ལྡན་མང་ཚོགས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ནན་སྲུང་དང་། 《ཆུ་སྐྱེས་སྲོག་ཆགས་སྐྱེ་འཕེལ་འབྱུང་བར་སྲོག་ཆགས་གློད་གཏོང་བྱེད་པའི་ཐད་ཀྱི་དོ་དམ་གཏན་འབེབས》ཀྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་བྱས་ཏེ། ཁྲོམ་ར་ལྟ་སྡོམ་དང་། ཞིང་ལས་གྲོང་གསེབ། འབྱུང་ཁམས་ཁོར་ཡུག ནགས་ལས་དང་རྩྭ་ཐང་། ཞིང་ཚན་ཁང་། སྤྱི་བདེ། ཆུ་དོན། སྲོག་ཆགས་འཕྲོད་བསྟེན་ལྟ་སྐུལ་སོགས་ཀྱིས་གཏན་ཁེལ་བྱས་པའི་དུས་ཚོད་དང་། ས་ཆ། ཆུ་ཁོངས་ལྟར“ཚེ་ཐར”གཏོང་དགོས་པ་མ་ཟད། རང་རྟོགས་ཀྱིས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་ཞིབ་བཤེར་དང་ལེན་བྱེད་དགོས་པ་ལས་རང་དགར“ཚེ་ཐར”གཏོང་མི་ཆོག

གཉིས། ཚན་རིག་དང་མཐུན་པའི་ངང་“ཚེ་ཐར”གཏོང་བ། ཆུ་སྐྱེས་སྲོག་ཆགས་སྐྱེ་འཕེལ་འབྱུང་བར་སྲོག་ཆགས་གློད་གཏོང་བྱེད་པ་དེ་སྲོག་ཆགས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་ཆུའི་སྐྱེ་ཁམས་བདེ་འཇགས་ལ་འབྲེལ་བ་ཡོད། “ཚེ་ཐར”གཏོང་རྒྱུའི་ཉ་རིགས་དེ་ངེས་པར་ཏུ་རང་སའི་ཉ་རིགས་ཡིན་དགོས་པ་ལས་ས་ཆ་གཞན་ནས་འཁྱེར་ཡོང་བའི་ཉ་ཕྲུག“ཚེ་ཐར”གཏོང་བ་གཏན་འགོག་བྱེད་དགོས། “ཚེ་ཐར”ལ་གཏོང་རྒྱུའི་ཉ་ཕྲུག་དེ་ངེས་པར་ཏུ་འོས་ཐོབ་ཡོད་པའི་ཐོན་སྐྱེད་ཚན་པའི་ཉ་ཕྲུག་ཡིན་དགོས་པ་མ་ཟད་ནད་ཡམས་ཞིབ་བཤེར་གྱི་ཚད་གཞི་ལོན་དགོས།

གསུམ། ཤེས་དཔལ་ངང“ཚེ་ཐར”གཏོང་བ། ཆུ་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་དང་སེམས་ཁུར་བྱེད་པའི་བྱམས་སྙིང་རྗེའི་བསམ་པ་བརྟན་པོ་བཙུགས་ཏེ་ཤེས་དཔལ་ངང་“ཚེ་ཐར”གཏོང་དགོས། ཉ་རིགས“ཚེ་ཐར”གཏོང་བར་ངེས་པར་ཏུ་ཉ་ཆུ་ངོས་སུ་ཐུག་པར་བྱེད་པ་དང་ཆ་རྐྱེན་ཡོད་ཚེ་ཆེད་སྤྱོད་ཡོ་ཆས་སྤྱད་དེ“ཚེ་ཐར”གཏོང་བ་ལས། ཉ་ཕྲུག་ཆུ་ལ་བརྡབས་པ་དང་ཡོས་ཆས་ཡག་པོ་མེད་པ་སོགས་ཀྱི་རྐྱེན་གྱིས་རྨས་སྐྱོན་མི་འབྱུང་བ་བྱ་དགོས་ཤིང་། ཉ་ཕྲུག་ཆུ་ལ་གཡུག་པ་དང་ཁ་མཐོ་ས་ནས་བླུག་པ་སོགས་བྱེད་མི་ཆོག ཉ་རིགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་ལེན་གྱིས་དགེ་སེམས་ལ་འབྲས་བུ་དགེ་བ་སྨིན་པ་དང་སེམས་བཟང་དེ་དོན་བཟང་ལ་འགྱུར་བ་བྱ་དགོས།

བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ཀྱི་ཚབ་མཚོན་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དད་ལྡན་མང་ཚོགས་བཅས་ནས“ཚེ་ཐར”གཏོང་བའི་བྱ་སྤྱོད་ལ་ཕན་ཚུན་ལྟ་སྐུལ་བྱེད་རྒྱུ་དང་། ཁྲིམས་སྲོལ་དང་འགལ་ནས“ཚེ་ཐར”བཏང་སྟེ་ཆུ་ཁོངས་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་གནོད་སྐྱོན་བཟོ་བའི་བྱ་སྤྱོད་རིགས་ལ་ཐེར་འདོན་བྱེད་རྒྱུའི་འབོལ་སྐུལ་གཏོང་བ་ཡིན།

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད་ཀྱི་ཐེར་འདོན་ཁ་པར། 12315

འབྲེལ་གཏུག་མི་སྣ། དྲ་རྒྱའི་ཉོ་ཚོང་ལྟ་སྡོམ་ཁྲུའུ། རིན་འཛིན་དབྱངས་ཅན།

རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་ཐེར་འདོན་ཁ་པར། 0891-6323678

འབྲེལ་གཏུག་མི་སྣ། ཕྱུགས་ལས་ཆུ་ཐོན་དངོས་རིགས་ཁྲུའུ། ཝང་ཞའོ་མེན།

རང་སྐྱོང་ལྗོངས་ཀྱི“སྤྱིའི་ཆུ་དཔོན” གཞུང་ལས་ཁང་གི་ཐེར་འདོན་ཁ་པར། 0891-6373264

འབྲེལ་གཏུག་མི་སྣ། ཆུ་བེད་ཐིང་ཆུ་མཚེའུ་དོ་དམ་ཁྲུའུ། ཝུའུ་ཆང་།

ཀྲུང་གོའི་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་ཚོགས་པ།

2021ལོའི་ཟླ་1 ཚེས་13ཉིན།

主编:索朗群培

原标题:《佛协西藏分会:科学“放生”倡议书(藏汉双语版)》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈