澎湃Logo
下载客户端

登录

  • +1

【藏文版】班玛县人民法院召开党组(扩大)学习会

2021-01-16 17:55
来源:澎湃新闻·澎湃号·政务
字号

པདྨ་རྫོང་མི་དམངས་ཁྲིམས་ཁང་གིས་ཏང་ཙུའུ(རྒྱ་བསྐྱེད)སློབ་སྦྱོང་ཚོགས་འདུ་འཚོགས།

ཟླ༡པོའི་ཚེས༡༤ཉིན། པདྨ་རྫོང་མི་དམངས་ཁྲིམས་ཁང་གིས་ཁྱིམ་གྱི་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཏང་ཙུའུ(རྒྱ་བསྐྱེད)ཡི་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་།༼ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ༽འི་དགོངས་དོན་ཆེད་དོན་སློབ་སྦྱོང་བྱས།ཁྱིམ་གྱི་ལས་བྱེད་ཉེན་རྟོག་པ་ཡོངས་ཆེད་དོན་སློབ་སྦྱོང་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་ཀྲུང་གུང་པདྨ་རྫོང་ཨུའི་གཞུང་ལས་ཁང་གི༼པདྨ་རྫོང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་བྱ་རྒྱུའི་སྐོར་གྱི་བསམ་འཆར༽གྱི་བརྡ་ཐོའི་དགོངས་དོན་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས།གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན།གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་དང་།ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུའུ་ཞི་ཝང་དབྱང་གིས་མཚོ་སྔོན་དང་མགོ་ལོག་ལ་བརྟག་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱས་ཏེ།དོན་གནད་གཙོ་བོ་དང་དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་བྱས་ནས་དེ་དག་འདྲི་ཞིབ་ལག་བསྟར་ལ་སྐུལ་འདེད་དང་ལག་ལེན་ལ་མཛུབ་སྟོན་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་འཇུག་དགོས།གཉིས་ནི་སྔར་ལས་ལྷག་པའི་སྒོ་ནས“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“ཡིད་ཆེས་བཞི”བརྟན་པོར་གཏོང་བ། “སྲུང་སྐྱོབ་གཉིས”བསྒྲུབས་ནས་ཏང་ཀྲུང་དབྱང་གི་བོད་སྲུང་ལས་དོན་སྐོར་གྱི་ཇུས་ཆོད་དང་བཀོད་སྒྲིག་མཚོན་པར་བྱས་ཏེ།རིགས་སོ་སོའི་གྱོད་དོན་ལ་ཁྲིམས་ལྟར་འདྲི་གཅོད་དང་། ཁྲིམས་སྐྱོང་གིས་འཆམ་མཐུན་སྤྱི་ཚོགས་སྲུང་སྐྱོབ་བྱ་དགོས།གསུམ་ནི་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་གི་གསར་སྐྲུན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་གོ་སྐབས་སུ་འཛིན་པ་དང་།བོད་ཁུལ་གྱི་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་བྱས་ཏེ། འབྲོག་པ་མང་ཚོགས་ཀྱིས་མཉམ་སྐྲུན་མཉམ་སྤྱོད་མཉམ་རོལ་བྱེད་པའི་མི་རིགས་མཐུན་སྒྲིལ་ཐུན་མོང་ཚོགས་པ་འཛུགས་པར་སྤུས་ལེགས་ཀྱི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་འདོན་སྤྲོད་བྱེད་དགོས།

审 核|朋毛东知

翻 译|桑 杰 加

编 辑|曹 玥

原标题:《【藏文版】班玛县人民法院召开党组(扩大)学习会》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈