澎湃Logo
下载客户端

登录

  • +1

【藏文版】班玛县人民法院开展“把爱带回家”儿童关爱服务“送法治安全”活动

2021-01-16 17:55
来源:澎湃新闻·澎湃号·政务
字号

པདྨ་རྫོང་མི་དམངས་ཁྲིམས་ཁང་གིས“བརྩེ་བ་ཡུལ་ལ་ཁྲིད་པའི”བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི“ཁྲིམས་སྐྱོང་བདེ་འཇགས་བསྐྱལ་བའི”བྱེད་སྒོ་སྤེལ།

རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་གཞུང་སྒྲུབ་ཐིན་དང་།ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་གཞུང་ལས་ཐིན་སོགས་སྡེ་ཁག༡༡གིས་འགྲེམ་སྤེལ་བྱས་པའི༼བརྩེ་བ་ཡུལ་ལ་ཁྲིད་པའི”སྤྱི་ལོ༢༠༢༡གི་དགུན་གནང་སྐབས་བྱིས་པར་བྱམས་སྐྱོང་དང་ཞབས་འདེགས་ཞུ་བའི“བཞི་བསྐྱལ་བའི”བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ༽ཡི་ཡིག་ཆའི་བླང་བྱ་ལྟར།ལོ་ཆུང་བྱིས་པ་ཚོ་བདེ་ཐང་དང་།བདེ་འཇགས།དྲོད་ཁོལ།བདེ་སྐྱིད།བརྩེ་བས་ཁེངས་པ་བཅས་ཀྱི་དགུན་གནང་རོལ་དུ་འཇུག་པ་དང་།“བཅའ་ཁྲིམས་བཅུ་གཅིག་ལ་བསྐྱོད་པ”དེ་གོ་སྐབས་སུ་བཟུང་སྟེ།ཟླ༡པོའི་ཚེས༡༥ཉིན།པདྨ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་རྣམ་རྒྱལ་གྱིས་ལས་བྱེད་ཉེན་རྟོག་པ་དག་གི་སྣེ་ཁྲིད་དེ་པདྨ་རྫོང་ཚེ་ཆིན་ཐང་གནས་སྤོར་སྡོད་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སུ་སོང་ནས“བརྩེ་བ་ཡུལ་ལ་ཁྲིད་པའི”སྤྱི་ལོ༢༠༢༡གི་དགུན་གནང་སྐབས་བྱིས་པར་གཅེས་སྐྱོང་དང་ཞབས་འདེགས་ཞུ་བའི“ཁྲིམས་སྐྱོང་བདེ་འཇགས་བསྐྱལ་བའི”བྱེད་སྒོ་སྤེལ།

བྱ་འགུལ་སྤེལ་བའི་རིང་།ཡོན་ཀྲང་གཞོན་པ་རྣམ་རྒྱལ་གྱིས“ཁྲིམས་སྐྱོང་བདེ་འཇགས་བསྐྱལ་བ”བརྗོད་བྱ་གཙོ་བོ་དང་བསྟུན་ཏེ་དོན་དངོས་ཀྱི་དཔེ་གཞི་དང་ཟུང་འབྲེལ་བྱས་ནས༼དམངས་དོན་ཁྲིམས་གཞུང༽གི་བཀྲག་མདངས་འཚེར་ས་དང་གཙོ་གནད་ཆེ་ས་འབུར་ཐོན་ཡོང་དུ་བཅུག་པ་དང་།སྤྱིའི་ལེ་ཚན་དང་ཤུལ་འཛིན་ལེ་ཚན།གཉེན་སྒྲིག་ཁྱིམ་ཚང་གི་ལེ་ཚན་སོགས་ཀྱི་ནང་དོན་གཙོ་གནད་དུ་བཟུང་ནས་ཁྱིམ་བདག་གི་འགན་འཁྲི་དམིགས་སུ་བཟུང་སྟེ།སློབ་གྲྭའི་ནང་གི་བརྙས་བཅོས་ལ་འགོག་སྲུང་བྱས་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་ཇི་ལྟར་བྱེད་དགོས་སམ།ནར་མ་སོན་པའི་མིའི་ཁེ་དབང་སྲུང་སྐྱོང་སོགས་ཀྱི་ཐད་འགྲེལ་བཤད་ཞིབ་ཕྲ་བརྒྱབ།ཐེངས་འདིའི་བྱ་འགུལ་ལ་ཁྱོན་བསྡོམས་དྲིལ་བསྒྲགས་ལག་དེབ༡༢༠ལྷག་དང་།ཤོག་དཀར་དང་པང་གདན།གཙང་ཤོག གཅེས་སེམས་ཁུག་མ་སོགས་འཚམས་འདྲིའི་དངོས་པོ་གནང་།

ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ལོ་ཆུང་བྱིས་པ་དང་ཁྱིམ་བདག་ཚོར༼དམངས་དོན་ཁྲིམས་གཞུང༽ལ་ཤེས་རྟོགས་གཏིང་ཟབ་བྱུང་དུ་བཅུག་ནས་བཅའ་ཁྲིམས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།བསྒྲགས་བཤད་བྱེད་པའི་དུས་ཚོད་རིང་པོ་མིན་མོད།འོན་ཀྱང་ནང་དོན་དངོས་གནས་ཡོད་པ་དང་།སྒྲིག་འཛུགས་གོ་རིམ་ལྡན་པ།སྣང་ཚུལ་བཟང་པ།ཁྲིམས་སྐྱོང་གིས་འཚར་ལོངས་ལ་སྲུང་སྐྱེལ་བྱ་བ་བཅས་ཀྱི་ཐོག་ནས་ལོ་ཆུང་བྱིས་པ་ཚོར་བདེ་འཇགས་དང་།བདེ་ཐང་།བདེ་སྐྱིད་བཅས་ཀྱི་དགུན་གནང་ཞིག་རོལ་བར་ཁྲིམས་སྐྱོང་གི་འགན་སྲུང་མཁོ་འདོན་བྱས་ཡོད།

原标题:《【藏文版】班玛县人民法院开展“把爱带回家”儿童关爱服务“送法治安全”活动》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈