澎湃Logo
下载客户端

登录

  • +1

兴海县人民法院集中审结一批危险驾驶犯罪案件

2021-11-27 16:40
来源:澎湃新闻·澎湃号·政务
字号

为有效维护社会公共安全和人民群众生命财产安全,依法惩处醉酒驾驶机动车犯罪行为,11月25日、26日,兴海县人民法院公开开庭审理了5起危险驾驶犯罪案件并当庭宣判,5名被告人均因“醉酒驾驶”被判处刑罚,受到了法律的制裁。

经审理查明,张某某等5名被告人酒后驾驶机动车上路行驶、逃避、抗拒公安机关检查,血液中酒精含量达到200mg/100ml以上。其行为违反《道路交通安全法》,触犯《刑法》,已构成危险驾驶罪。鉴于案发后被告人有认罪悔罪的表现,综合全案证据、被告人的量刑情节及认罪悔罪态度,根据事实和依据,以及5名被告人实施犯罪的不同情节,法庭最终判处孙某某等5名被告人2至4个月的拘役,并分别处以罚金3000元。5名被告人对犯罪事实供认不讳,均表示认罪认罚。

本次危险驾驶案件集中审理再次警示所有驾驶员:“喝酒不开车、开车不喝酒”,不要因为一时的侥幸心理,以身试法。在道路上醉酒驾驶机动车,不仅仅是对自己、对家人极度不负责的行为,更是对他人生命、财产的漠视,一旦发生事故,其后果是难以承受的。希望广大驾驶员一定要遵守交通规则,树立正确的法治观念,牢记危险驾驶的危害性,切莫触碰法律的底线。因为“酒驾”后,在路边等你的可不只有交警,还有高额罚金和“高墙大院”。

下一步,兴海法院将筛选典型醉酒驾驶案件进村入社开展巡回审理,让广大群众以现场观摩的方式,加深对醉酒驾驶机动车辆的法律规定、醉酒驾驶的危害性以及应受到的法律处罚的认识,以此达到审理一案警示一片的效果。

སྤྱི་ཚོགས་སུ་སྤྱི་པའི་བདེ་འཇགས་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་བྱ་ཆེད། ཆང་གིས་བཟི་ནས་འཕྲུལ་འཁོར་རིགས་སྐོར་བའི་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་ཐད་གཅོད་བྱ་རྒྱུ། ཟླ་12ཚེས་25དང་ཚེས་26ཉིན་བྲག་དཀར་རྫོང་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཉེན་ཡོད་ཁ་ལོ་བའི་ཉེས་གསོག་གྱོད་གཞི་5ཞིབ་གཅོད་བྱས་པ་མ་ཟད། སྐབས་ཐོག་ཏུ་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། གཏུག་ཡུལ5 ཡིས་“ཆང་གིས་བཟི་ནས་རླངས་འཁོར་སྐོར་བའི”རྐྱེན་གྱིས་ཁྲིམས་ཆད་བཅད་དེ། ཁྲིམས་ལུགས་ཀྱི་ཆད་གཅོད་མྱངས་པ་རེད།

འདྲི་ཞིབ་བྱས་པ་ལྟར་ན། ཀྲང་ཆེ་གེ་མོ་སོགས་ཞུ་གཏུག་བྱ་ཡུལ་ལྔ་ཡིས་ཆང་རག་འཐུངས་ནས་རླངས་འཁོར་སྐོར་ནས་ལམ་དུ་སྐྱོད་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་ཞིབ་བཤེར་བྱེད་པར་གཡོལ་ཐབས་བྱས་འདུག ཁྲག་རྒྱུན་ནང་དུ་ཆང་བཅུད་འདུས་ཚད་200mg/100mlཡན་ཟིན་ཡོད། དེའི་བྱ་སྤྱོད་ནི་《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》དང་འགལ་ཞིང་།《ཉེས་ཁྲིམས》དང་འགལ་བས་ཉེན་ཁ་ཡོད་པར་རླངས་འཁོར་སྐོར་བའི་བྱས་ཉེས་སུ་གྲུབ་ཡོད། གྱོད་གཞི་ཐོན་རྗེས་གཏུག་ཡུལ་མི་སྣས་ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱེད་པའི་རྣམ་འགྱུར་ཡོད་པར་དམིགས་ནས། གྱོད་གཞི་ཡོངས་ཀྱི་དཔང་རྟགས་དང་། གཏུག་ཡུལ་མི་སྣའི་བྱས་ཉེས་ཀྱི་ཚད་གཞིའི་གནས་ཚུལ། བྱས་ཉེས་ངོས་ལེན་དང་འགྱོད་བཤགས་བྱེད་པའི་རྣམ་འགྱུར་བཅས་དང་འབྲེལ་ནས། དོན་དངོས་དང་གཞི་འཛིན་ས། དེ་བཞིན་གཏུག་ཡུལ་མི་སྣ་ལྔ་པོས་བྱས་ཉེས་བསགས་ཚུལ་མི་འདྲ་བར་གཞིགས་ནས། ཁྲིམས་རས་མཐར་སུན་ཆེ་གེ་མོ་སོགས་གཏུག་ཡུལ་མི་སྣ་ལྔ་ལ་ཟླ་2ནས་4བར་གྱི་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་བཅད་པ་མ་ཟད། སོ་སོར་དངུལ་ཆད་སྒོར་3000རེ་བཅད། གཏུག་ཡུལ་མི་སྣ་ལྔ་ཡིས་ཉེས་གསོག་གི་དོན་དངོས་སྦ་གསང་མེད་པར་ངོས་ལེན་བྱས་ཤིང་། ཚང་མས་ཉེས་པ་ངོས་ལེན་དང་ཁྲིམས་གཅོད་ཁས་ལེན་བྱས་པ་རེད།

ཐེངས་འདིའི་ཉེན་ཁར་རླངས་འཁོར་སྐོར་བའི་གྱོད་གཞིར་གཅིག་སྡུད་ཐོག་འདྲི་ཞིབ་བྱས་ནས་སླར་ཡང་ཁ་ལོ་བ་ཡོངས་ལ་ཉེན་བརྡ་བཏང་བ་སྟེ།“ཆང་རག་འཐུང་ནས་རླངས་འཁོར་མི་སྐོར་བ་དང་། རླངས་འཁོར་སྐོར་ན་ཆང་རག་མི་འཐུང་བ”ཞེས་པ་དེ་ཡིན་པ་ལས། ཉེན་ཚབ་ཀྱི་འདུ་ཤེས་དོར་ནས་ཤེས་བཞིན་དུ་ཁྲིམས་ལ་ཚོད་ལྟ་བྱེད་མི་རུང་། བགྲོད་ལམ་དུ་ཆང་གིས་བཟི་ནས་རླངས་འཁོར་བསྐོར་བ་དེ། རང་ཉིད་དང་ཁྱིམ་མི་ལ་འགན་གཏན་ནས་མི་འཁུར་བའི་བྱ་སྤྱོད་ཅིག་ཡིན་པར་མ་ཟད། མི་གཞན་པའི་ཚེ་སྲོག་དང་རྒྱུ་ནོར་ལ་སྣང་ཆུང་བྱས་པ་ཞིག་ཀྱང་ཡིན། གལ་ཏེ་དོན་རྐྱེན་བྱུང་ན། དེའི་མཇུག་འབྲས་ནི་ཐེག་དཀའ་བ་ཞིག་ཡིན། རེ་བ་ནི་རྒྱ་ཆེའི་ཁ་ལོ་བས་ངེས་པར་དུ་འགྲིམ་འགྲུལ་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བ་དང་། ཡང་དག་པའི་ཁྲིམས་སྐྱོང་འདུ་ཤེས་འཛུགས་པ། ཉེན་ཁ་ཡོད་པའི་ངང་རླངས་འཁོར་སྐོར་བའི་གནོད་འཚེའི་རང་བཞིན་ལ་ངེས་ཤེས་བརྟན་པོ་ཡོད་པ། བཅའ་ཁྲིམས་ཀྱི་མཐའ་མཚམས་ལས་མི་བརྒལ་བ་བཅས་ཡིན། རྒྱུ་མཚན་ནི“ཆང་རག་འཐུང་ནས་རླངས་འཁོར་བསྐོར་ན”ལམ་ཟུར་དུ་ཁྱེད་རང་བསྒུགས་ནས་སྡོད་མཁན་ནི་འགྲིམ་འགྲུལ་ཉེན་རྟོག་པ་ཁོ་ན་མིན་པར། ད་དུང་དངུལ་ཆད་མཐོན་པོ་དང་“གྱང་ར་མཐོན་པོའི་ར་སྐོར”ཡོད།

རྗེས་ཕྱོགས་སུ་བྲག་དཀར་ཁྲིམས་ཁང་གིས་དཔེ་མཚོན་གྱི་ཆང་བཟི་བས་རླངས་འཁོར་སྐོར་བའི་གྱོད་གཞི་བདམས་གསེས་བྱས་ནས་སྡེ་བར་བསྐྱོད་དེ་སྐོར་སྐྱོད་འདྲི་ཞིབ་བྱས་ནས། རྒྱ་ཆེའི་མང་ཚོགས་རྣམས་ལ་ཡུལ་དངོས་སུ་ལྟ་སྦྱོང་བྱེད་དུ་བཅུག་སྟེ། ཆང་གིས་བཟི་ནས་རླངས་འཁོར་སྐོར་བའི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་། ཆང་རག་གིས་བཟི་ནས་རླངས་འཁོར་གཏོང་བའི་གནོད་འཚེའི་རང་བཞིན། དེ་མིན་ཐོབ་འོས་པའི་བཅའ་ཁྲིམས་ཀྱི་ཆད་གཅོད་བཅས་ཀྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ། གྱོད་གཞི་གཅིག་འདྲི་ཞིབ་བྱས་པར་བརྟེན་ཡུལ་ཁག་གཅིག་ལ་ཉེན་བརྡ་གཏོང་བའི་ཕན་འབྲས་ཐོན་པར་འབད་པ་བྱ་རྒྱུ་དེ་ཡིན།

撰稿:岗日卓玛、祁财林

翻译:索南项旦

编辑:马荣贞

监制:才让东主

审核:欧赛吉文章已于修改:,。视频小程序赞,轻点两下取消赞在看,轻点两下取消在看

原标题:《兴海县人民法院集中审结一批危险驾驶犯罪案件》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈