澎湃Logo
下载客户端

登录

  • +1

【12.13】ཡུས་ཧྲུའུ་གསར་འགྱུར་རྒྱང་བསྒྲགས། 玉树藏语新闻广播

2019-12-13 17:34
来源:澎湃新闻·澎湃号·政务
字号

州广播电视台

༡.ནང་ཆེན་རྫོང་དབུལ་སྐྱོར་གྱི་ལམ་བུ་གསར་པར་བསྐྱོད་དེ་རྩལ་ནུས་ཀྱིས་ཐོན་ལས་འཕེལ་རྒྱས་དུ་བཏང་།

༼འདྲེན་ཚིག༽ཉེ་བའི་ལོ་ཤས་རིང་། ནང་ཆེན་རྫོང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ཁྲོད་དབུལ་སྐྱོར་དང་བློ་སྐྱོར། རིག་སྟོབས་བཅས་ཟུང་འབྲེལ་ཐད་འབད་བརྩོན་ཆེན་པོ་བྱས་ཏེ་སྲིད་ཇུས་དྲིལ་བསྒྲགས་དང་། སློབ་གསོར་མ་འཇོགརྩལ་ནུས་གསོ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་དེ་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ་རེད།

༼ནང་དོན་དངོས།༽ནང་ཆེན་རྫོང་བྱམས་སྐྱོང་ལས་རིགས་གསོ་སྦྱོང་སློབ་གྲྭའི་སློབ་ཁང་ནང་སློབ་མ་ཚོས་ནན་ཏན་ངང་དགེ་རྒན་དང་མཉམ་དུ་རྩལ་ནུས་སློབ་སྦྱོང་བྱེད་བཞིན་ཡོད། དེ་གར་སློབ་མ་ཚོས་རང་ཉིད་ཀྱི་དགའ་ཕྱོགས་ལ་གཞིགས་ནས་རྩལ་ནུས་གདམ་ག་བྱས་ཏེ་སློབ་སྦྱོང་བྱེད་ཆོག སློབ་གྲྭ་གཞན་དང་མི་འདྲ་བར་དེ་གར་ཡོད་པའི་སློབ་མ་ཚང་མ་ནང་ཆེན་རྫོང་གི་གྲོང་ཚོ་དབུལ་པོ་ཁག་ནས་ཡིན་པ་དང་འགྲོ་གྲོན་གང་ཡང་བསྡུ་གི་མེད་པ་རེད། ཨ་ཕྲུག་ནི་ནང་ཆེན་རྫོང་བྱམས་སྐྱོང་ལས་རིགས་གསོ་སྦྱོང་སློབ་གྲྭའི་འགན་འཁུར་བ་ཡིན་པ་དང་གནད་སྨིན་དབུལ་སྐྱོར་བྱས་ཚུན་དུད་ཚང་དབུལ་པོར་ཕྱོགས་པའི་རྩལ་ནུས་གསོ་སྦྱོང་གི་ལས་དོན་ཐོག་མཐའ་བར་གསུམ་དུ་སྤེལ་བཞིན་ཡོད་པ་རེད། ཁོས་བཤད་རྒྱུར། ཟ་མ་གཡོས་སྦྱོར་དང་། གྱོན་ཆས་ལས་སྣོན།སྐྲ་བཞར་བཅས་ཀྱི་རྩལ་ནུས་དེ་དག་ལ་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ལ། ལས་ཞུགས་ཐུབ་སླ་པོ་ཡོད་པ་རེད།

ནང་ཆེན་རྫོང་བྱམས་སྐྱོང་ལས་རིགས་གསོ་སྦྱོང་སློབ་གྲྭ་ནི་༢༠༡༧ལོར་བཙུགས་པ་དང་དེ་ནི་གཡོས་སྦྱོར་དང་། འཚེམ་བཟོ། སྐྲ་མཛེས་བཟོ། གསོལ་མགྲོན་ཁང་གི་བཟའ་བཏུང་ཞབས་ཞུ། ལྗོངས་རྒྱུའི་འགྲེལ་བཤད་པ། ལག་ཤེས་བཟོ་རྩལ་བཟོ་བ། རྡོ་བརྐོས་སྒྱུ་རྩལ། འཕྲུལ་རྟ་ཉམས་གསོ། རྩིས་འཁོར་གྱི་རྨང་གཞིའི་སློབ་ཁྲིད་བཅས་གཞི་གཅིག་ཏུ་འདུས་པའི་ལས་རིགས་ལག་རྩལ་གསོ་སྦྱོང་སློབ་གྲྭ་ཞིག་རེད། སློབ་གྲྭ་བཙུགས་པའི་ལོ་གསུམ་གྱི་རིང་། ༼མི་གཅིག་ལ་གསོ་སྦྱོང་དང་། མི་གཅིག་ལ་ལས་ཞུགས། དུད་ཚང་གཅིག་དབུལ་སྒྲོལ༽བཅས་ཀྱི་དམིགས་ཚད་ལ་བརྟེན་ནས་ཞིང་འབྲོག་པའི་ངལ་རྩོལ་རྩལ་ནུས་དང་རང་ངོས་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཡོད་པ་རེད། ནང་ཆེན་རྫོང་གྲོང་ཁུལ་གསར་པའི་ཡུམ་བུ་བླ་སྒང་བོད་ཟས་ཁང་དུ་སངས་རྒྱས་དང་རྡོ་རྗེ་གཉིས་ཀྱིས་བྱང་ཆ་ལྡན་པའི་ངང་སྔོ་ཚལ་གཏུབ་པ་དང་བརྔོ་བཞིན་པའི་སྒང་རེད། ཁོང་གཉིས་ནི་གསོ་སྦྱོང་སློབ་གྲྭའི་དུས་ཐེངས་གཉིས་པའི་གཡོས་སྦྱོར་འཛིན་གྲྭར་སློབ་སྦྱོང་བྱས་པ་དང་ད་ཆ་ཚོང་ཁང་དེར་མ་བྱན་གྱི་ལས་འགན་འཁུར་གྱི་ཡོད་པ་རེད།

ཤར་མདའ་ཁྲོམ་གཞུང་ཤར་མར་གནས་པའི་ལྷ་སྒྲོན་མཛེས་བཟོ་ཁང་དུ་སྐབས་གཉིས་པའི་སྐྲ་མཛེས་བཟོ་འཛིན་གྲྭའི་ཕུལ་བྱུང་སློབ་མ་གཡུང་དྲུང་རྒྱལ་མཚན་གྱིས་སྐུ་མགྲོན་ལ་སྐྲ་འཁྲུད་པ་དང་། སྐྲ་བཞར་གྱིན་པའི་སྒང་ཡིན་ལ། གྱང་ངོས་སུ་སྐྲ་མཛེས་བཟོ་བྱེད་པའི་བཟོ་ལྟ་སྣ་ཚོགས་སྦྱར་ཡོད་པ་རེད། མོས་གསར་འགོད་པར་ཚོང་ཡག་པོ་འདུག ཟླ་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་ཁྲི་གཅིག་ཡོང་གི་འདུག་ཅེས་བཤད་བྱུང་།

མིག་སྔའི་བར་ནང་ཆེན་རྫོང་བྱམས་སྐྱོང་ལས་རིགས་གསོ་སྦྱོང་སློབ་གྲྭས་རིམ་རྩིས་བྱས་ན་སློབ་ཐེངས༡༡གཉེར་བ་དང་། ཞིང་འབྲོག་པ་མི་ཐེངས་༡༥༡༠གསོ་སྦྱོང་ནང་ཞུགས་པ་རེད། ལས་གཏོད་ཁེ་སྤོགས་དང་ལས་ཞུགས་གླ་ཕོགས་སོགས་ཀྱི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་ཁྲི་༣༡༠༠ལྷག་ཙམ་ཟིན་ཡོད་པ་རེད། དུད་ཚང་དབུལ་པོས་ལག་རྩལ་ཞིག་ལ་བརྟེན་ནས་ནུས་ལྡན་སྒོས་རང་ངོས་དབུལ་ཐར་ཕྱུག་འགྱུར་གྱི་བསམ་བློའི་སྒུལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།

ཡིག་སྒྱུར་བ། ལྷ་འབྲུག

༢.ཡུས་ཧྲུའུ་ཁུལ་གྱི་གསུམ་གསུམ་ལམ་ལུགས་ཀྱི་ལས་ཀའི་བྱེད་ཐབས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོའི་ལས་དོན་ལ་སྐུལ་འདེད་བཏང་། ༼བསྐྱར་གཏོང་།༽

༼འདྲེན་ཚིག༽བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བའི་ཚུན་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་༼གསུམ་གསུམ་ལམ་ལུགས༽ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། བརྗོད་བྱ་གཙོ་བོའི་སློབ་གསོ་སེམས་སུ་ཟུག་པ་དང་། གཏིང་ཟབ་ཏུ་སྤེལ་བ། དངོས་དོན་དུ་སྤེལ་བ་བཅས་བྱས་ཡོད་པ་རེད།

༼ནང་དོན་དངོས།༽ ལས་དོན་ཁྲོད། ཡུས་ཧྲུའུ་ཁུལ་གྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས༼སློབ་སྦྱོང་བཞི༽གཅིག་འདོམས་སུ་བྱས་ཏེ། ༼གནད་འགག་ཉུང་ཤས༽ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས༼གཏན་འཁེལ་བྱ་སྤྱོད༽དོན་འཁྱོལ་དང༼རང་འདེམས་བྱ་སྤྱོད༽མངོན་གསལ་ཡོང་བ་བྱས་ནས་དུས་ཚོད་དང་སྟོབས་ཤུགས་གསུམ་ཆ་གཅིག་སློབ་སྦྱོང་ཐོག་གཅིག་སྡུད་བྱས་ཡོད། གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་ཡག་པོ་བྱེད་པའི་རྨང་གཞིའི་ཐོག༼ལས་གནས་གཅིག་གི་མཉམ་འབྲེལ་དགུའི༽ཁྲོད་རང་སོ་སོས་འབྲེལ་བ་བྱེད་པའི་གྲོང་ཁྱེར་དང་རྫོང་དང་། ཡུལ་གྲོང་། གྲོང་ཚོ(སྡེ་ཁུལ)ཏང་རྩ་འཛུགས་བཅས་ཀྱི་སྣེ་ཁྲིད་དེ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་དང་ངོས་འཛིན་དང་མྱོང་ཚོར་གླེང་ནས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་ཁྲིད་བྱས་པ་རེད། དེ་དང་ཆབས་ཅིག ཆེད་དོན་དང་། རིགས་པའི་གཞུང་ལུགས་ཀྱི་སྟེང་དུ་སློབ་ཁྲིད་བྱེད་པ་དང་། ཉམས་མྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་མ་ལག་སློབ་སྦྱོང་དང་། དྲ་སྦྲེལ་སློབ་སྦྱོང། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བཅས་བྱས་ཡོད་པ་རེད།

དུས་ཚོད་དང་སེམས་ཤུགས་གསུམ་ཆ་གཅིག་བརྟག་ཞིབ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐོག་བཞག་སྟེ་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས༼མཆོང་སྐྱོད་བཞིའི༽བླང་བྱ་ལག་ལེན་ནན་ཏན་བསྟར་ནས༼བཅར་འདྲི་ཆེན་པོ་དང་། གྲལ་བཤེར་ཆེན་པོ། བརྟག་ཞིབ་ཆེན་པོ༽བཅས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་དབུལ་ཐར་འགག་སྒྲོལ་དང་། གྲོང་གསེབ་དར་རྒྱས། དམངས་འཚོ་ལེགས་གཏོང་། ལས་ཁུངས་ཏང་འཛུགས་སྐྱོང་སོགས་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། གཞི་རིམ་གྱི་འཐབ་ས་དང་པོ་དང་ལས་ཀའི་འཐབ་ས་དང་པོར་བསྐྱོད་དེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་། རང་ཉིད་དེའི་ནང་བཅུག་པ། འགན་འཁྲི་འཁུར་བ། འགལ་ཟླ་གཅིག་སྡུད་ཆེ་ཤོས་དང་དཀའ་ངལ་མངོན་གསལ་དོད་ཤོས་ཀྱི་འཐབ་ས་དང་པོར་བསྐྱོད་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང་། ལས་དོན་ལེགས་བཅོས། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་དུ་འགྱུར་བ་བྱེད་དགོས།

རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རང་རྟོགས་ངང༼ཨར་ལས་རུ་ཁག་གི་འགོ་འཛིན༽གྱི་འགན་འཁྲི་ཁུར་ནས་དུས་ཚོད་དང་སེམས་ཤུགས་གསུམ་ཆ་གཅིག་མང་ཚོགས་ཀྱི་ཐོག་འཇོག་དགོས། རྣམ་པ་འདྲ་མིན་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་དྲིལ་བསྒྲགས་སློབ་གསོར་དམ་འཛིན་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་ཐག་གཅོད་ཏན་ཏིག་བྱེད་པ། སློབ་གསོ་དང་འཕྲོད་བསྟེན་གྱི་༼དམངས་འཚོའི་ཞན་ཆ་༽གཉིས་པོ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ། ༼རོགས་སྐྱོར་གཉིས་༽ཀྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཡོད། མིག་སྔའི་བར་རིམ་དབྱེ་རིགས་དབྱེའི་སྒྲོག་འགྲེལ་ཐེངས་༦༠༠ལྷག་ཙམ་བྱས་པ་དང་མང་ཚོགས་མི་ཐེངས་འབུམ་༣ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད་པ་རེད།

ཡིག་སྒྱུར་བ། ལྷ་འབྲུག

༣.ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་གིས་ཁག་གཉིས་པའི་བཅའ་སྡོད་སློབ་མ་སློབ་གྲྭར་རུ་བཅའ་སྡོད་བྱེད་པའི་མཛད་སྒོ་སྤེལ་བ་རེད།

༼ནང་དོན་དངོས།༽ཟླ་༡༢པའི་ཚེས་༡༡ཉིན། ཡུས་ཧྲུའུ་ཁུལ་མི་རིགས་སློབ་འབྲིང་གིས་མཐོ་རིམ་གཉིས་པ་དང་མཐོ་རིམ་གསུམ་པའི་སློབ་མ་སློབ་གྲྭར་རུ་བཅའ་སྡོད་བྱེད་པའི་མཛད་སྒོ་སྤེལ། ཤེས་རྟོགས་བྱུང་པ་ལྟར་ན། ཁག་གཉིས་པའི་བཅའ་སྡོད་སློབ་མ་བསྡོམས་པས་མི་༣༡༥ཡོད། དེའི་ཁྲོད་དུ་མཐོ་རིམ་གསུམ་པའི་སློབ་མ་༡༤༢ཡོད་པ་དང་། མཐོ་རིམ་གཉིས་པའི་སློབ་མ་༡༧༣ཡོད། སང་ལོ་ཁུལ་མི་རིགས་སློབ་འབྲིང་གི་སློབ་མའི་ཉལ་ཁང་ལས་མཇུག་སྒྲིལ་རྒྱུ་རེད། ཉལ་ཁང་དུ་སློབ་མ་༡༠༠༠འདུག་ཆོག་པ་རེད།

མཛད་སྒོ་ཐོག ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་སྐྱིད་ལུག་གིས་གཏམ་བཤད་སྤེལ་ནས་བསྟན་དོན། དེ་རིང་ནི་ཁག་གཉིས་པའི་བཅའ་སྡོད་སློབ་མ་སློབ་གྲྭར་རུ་བཅའ་སྡོད་བྱེད་པའི་མཛད་སྒོ་ཡིན་ཞིང་། དེ་ཡང་སློབ་གྲྭའི་བཅའ་སྡོད་ལམ་ལུགས་རིགས་བསྒྱུར་བྱས་ཏེ་གོམ་པ་དང་པོ་སྤོས་པ་རེད། ཁུལ་མི་རིགས་སློབ་འབྲིང་གི་སློབ་གསོ་ལོ་རྒྱུས་ཁྲོད་ཀྱི་གལ་ཆེན་གྱི་དོན་སྙིང་ཡིན་ལ། དེ་ཡང་ཡུས་ཧྲུའུ་ས་ཁུལ་མཐོ་འབྲིང་སློབ་གསོ་ཁྲོད་ཀྱི་དགའ་འོས་པའི་དོན་ཞིག་རེད། ཁུལ་མི་རིགས་སློབ་འབྲིང་གི་སློབ་གསོ་མ་དཔེ་དེ་བཅའ་སྡོད་ལམ་ལུགས་སུ་རིགས་བསྒྱུར་བྱས་ཡོད་པས། གོམ་གང་མདུན་སྤོས་ཀྱིས་སློབ་གྲྭའི་སློབ་གསོའི་སྤུས་ཚད་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་ཞིང་། སློབ་གྲྭའི་ཡུན་རིང་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་རྒྱུ་རེད། རེ་བ་ལ་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་དང་ལས་བཟོ་པ་ཡོངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོ་བཅངས་ཏེ་སློབ་གསོའི་འོས་འགན་ཁུར་དགོས་ཤིང་། དུས་རབས་གསར་པའི་སློབ་གྲྭའི་སློབ་གསོ་དང་སློབ་ཁྲིད། སློབ་དཔྱོད་ཁྲོད་ནས་འགན་འཁྲི་ཁུར་ཕོད་པ་དང་བྱས་རྗེས་གསར་པ་བཞག་དགོས། རེ་བ་ལ་སློབ་མ་ཡོངས་ཀྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་དྲིན་དྲན་དགོས་ལ། དྲིན་འཇལ་བའི་སེམས་པས། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ལས་རྒྱུན་འཛིན་མཁན་ཚད་ལྡན་ཅན་དུ་གྱུར་པ་བྱེད་དགོས་པ་བཏོན་ཡོད།

ཡེ་ཤེས་ལྷ་སྒྲོན།

༥.ཡུས་ཧྲུའུ་ཁུལ་གྱིས་༼ཚད་ལྡན་མིན་པའི་སྨན་ཁང༽སོགས་ཁྲིམས་འགལ་གྱིས་སྨན་བཅོས་བྱེད་མཁན་དག་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་བ་རེད། ༼བསྐྱར་གཏོང་།༽

༼ནང་དོན་དངོས༽《ཞིང་ཆེན་ཡོངས་ཀྱི་ཚད་ལྡན་མིན་པའི་སྨན་ཁང་སོགས་ཁྲིམས་འགལ་གྱིས་སྨན་བཅོས་བྱེད་མཁན་དག་ལ་གཅིག་སྡུད་ཀྱིས་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་སྨན་བཅོས་ཞབས་ཞུའི་སྒྲིག་ལམ་སྔར་བས་དག་ཐེར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི༼ཚད་ལྡན་མིན་པའི་སྨན་ཁང༽སོགས་ཁྲིམས་འགལ་གྱིས་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་ཆེད། སྤྱི་ཟླ་12ཚེས་9ཉིན་ནས་བཟུང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་སྣེ་ཁྲིད་དེ་ཁུལ་སྤྱི་བདེ་ཅུས་དང་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་དང་མཉམ་འབྲེལ་ཐོག། དུས་ཡུན་ཟླ་2ཀྱི༼ཚད་ལྡན་མིན་པའི་སྨན་ཁང༽སོགས་ཁྲིམས་འགལ་སྨན་བཅོས་གཅིག་སྡུད་བཅོས་སྒྲིག་ལས་དོན་སྤེལ་རྒྱུ་ཡིན་པ་རེད།

ད་ཐེངས་སྡེ་ཚན་གསུམ་གྱིས་མཉམ་འབྲེལ་ཐོག་ཞིབ་བཤེར་བྱས་པ་བརྒྱུད་གཙོ་གནད་ཐོག་རང་ཁུལ་གྱི་ཁྱབ་ཁོངས་ནང་གི༼ཚད་ལྡན་མིན་པའི་སྨན་ཁང་༽དང༼མིན་པ་གཉིས༽སོགས་ཁྲིམས་འགལ་ངང་གཙང་སེལ་གཙང་མ་བྱས་ཏེ་སྨན་བཅོས་ཞབས་ཞུའི་སྒྲིག་ལམ་བཅོས་སྒྲིག་དང་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་སྒྲིག་གཞི་ཚད་ལྡན་ངང་སྨན་ཁང་གཉེར་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་བྱེད་ཚད་མཐོ་རུ་གཏོང་བ། རང་གཅུན་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སླད་ཕྱིན་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་གྱི་བླང་བྱ་གཞིར་བཟུང་སྒྲིག་སྲོལ་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་བ་དང་སྨན་བཅོས་བདེ་འཇགས་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་བརྒྱུད་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་དམར་རྗེན་དུ་བཏོན་ནས། གྱོད་གཞི་ཡོད་ཚེ་ངེས་པར་དུ་ཞིབ་བཤེར་དང་ཞིབ་བཤེར་བྱས་འབྲས་ཐོན་པ་བྱས་ཏེ། ད་ཐེངས་ཀྱི་མཉམ་འབྲེལ་བྱ་སྤྱོད་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མིས་ཁྲིམས་འགལ་བྱེད་སྤྱོད་ཤེས་རྟོགས་བྱུང་ཚེ་འཕྲོད་བསྟེན་ལྟ་སྐུལ་ཁ་པར་བརྒྱབ་ནས་ཞུ་གཏུག་ཐེར་འདོན་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་ཐུན་མོང་ཐོག ལྟ་སྐུལ་བྱ་རྒྱུར་སྐུལ་སློང་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད། ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས༼ཚད་ལྡན་མིན་པའི་སྨན་ཁང༽ལ་རྡུང་རྡེག་གཏོང་བའི་ཐེར་འདོན་ཁ་པར་ཨང་གྲངས་0976—8818057ཡིན།

འཇམ་དབྱངས་ལྷ་མོ།

༥.ཆུ་དམར་ལེབ་གཡུ་སྐེ་ཡུལ་ཚོ་དར་དམར་གྲོང་ཚོར་ཐོན་ལས་རོགས་སྐྱོར་མ་དངུལ་གྱི་ཕན་འབྲས་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས། ༼བསྐྱར་གཏོང་།༽

༼ནང་དོན་དངོས།༽སྤྱི་ཟླ་༡༢ཚེས་༥ཉིན། ཆུ་དམར་ལེབ་རྫོང་གཡུ་སྐེ་ཡུལ་ཚོ་དར་དམར་གྲོང་ཚོས་ཐོན་ལས་རོགས་སྐྱོར་མ་དངུལ་ཕན་འབྲས་ཀྱི་ཁེ་སྤོགས་བགོ་བཤའ་རྒྱག་པའི་ཚོགས་ཆེན་འཚོགས་པ་དང་། ཐོད་གི་ངོ་སྐྱ་མ་རྐང་མཉམ་ལས་ཁང་དང་ཕྱུགས་རྫི་མཉམ་ལས་ཁང་ལ་ཁྱོན་ཁེ་སྤོགས་སྒོར་༦༥༨༥༩༧བགོས་པ་དེའི་ནང་ཐོད་གི་ངོ་སྐྱ་མ་རྐང་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་༤༦༨༧༩༢དང་ཕྱུགས་རྫི་མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་༡༨༩༨༠༥བགོས་པ་རེད།

དར་དམར་གྲོང་ཚོ་ནི་ཞིང་ཆེན་ཡོངས་ཀྱི་སྣོད་བཅུད་འབྲོག་ལས་མཉམ་ལས་ཁང་གི་དཔེ་མཚོན་ཁག་༡༠ཡི་གྲས་ཤིག་དང་རྩྭ་ཐང་སྣོད་བཅུད་ཚོད་ལྟ་ཁུལ་༡༨ཀྱི་འཛུགས་སྐྲུན་ཚན་པའི་གྲས་ཤིག་ཡིན་པ་དང་། གྲོང་ཚོ་ཡོངས་ལ་དུད་ཚང་༥༦༡དང་མི་གྲངས་༡༥༦༧ཡོད་པ་རེད།༢༠༡༡ལོ་ནས་བཟུང་མཉམ་ལས་ཁང་བཙུགས་པ་དང་ད་བར་མཉམ་ལས་ཁང་༡༦ཡོད་པ་རེད། མཉམ་ལས་ཁང་གིས་ཚན་རིག་དང་མཐུན་པའི་ཕྱུགས་གསོ་དང་། རྩྭ་ཕྱུགས་དོ་མཉམ། མཐུན་སྦྱོར་འཕེལ་རྒྱས་བཅས་ནང་དོན་གཙོ་བོར་བྱས་པའི་རྩྭ་སའི་སྣོད་བཅུད་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་གཏོད་རྒྱུ་མཐའ་འཁྱོངས་བྱས་ནས་རྩྭ་ཕྱུགས་ཀྱི་འགལ་བ་ནུས་ལྡན་ངང་ཐག་གཅོད་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་དང་འབྲོག་ལས་ཐོན་སྐྱེད་འཁོར་རྒྱུག་ཡག་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ད་ལོ་མཉམ་ལས་ཁང་ཚང་མར་ཁེ་སྤོགས་བགོ་རྒྱུ་ཡོད་པ་དང་དམངས་སྒོར་གྱི་ཁེ་སྤོགས་བགོ་རྒྱུ་ཡོད་པ་ཕུད། ད་དུང་བོད་བཟོའི་ས་གདན་དང་། ཟ་སྣུམ་དྭངས་མ། འབྲས་སོགས་གཞན་དག་བྱ་དགའ་སྤྲད་རྒྱུ་ཡོད་ལ། དུད་ཚང་དབུལ་པོར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ཡིག་སྒྱུར་བ། ལྷ་འབྲུག

原标题:《【12.13】ཡུས་ཧྲུའུ་གསར་འགྱུར་རྒྱང་བསྒྲགས། 玉树藏语新闻广播》

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈