澎湃Logo
下载客户端

登录

  • +1

【双语普法】男子暴力妨害疫情防控,获刑6个月

2020-02-20 16:23
来源:澎湃新闻·澎湃号·政务
字号

སྐྱེས་པས་དྲག་ཤུགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གནོད་འཚེ་བཏང་ནས་ཟླ་དྲུག་གྱི་ཁྲིམས་ཐག་བཅད།

2月19日上午,南充市顺庆区人民法院第一审判庭依法公开开庭审理黄某某妨害公务罪一案。央视社会与法频道《现场》栏目、人民日报、中国网等50余家媒体对该案进行了实时网络直播。

ཟླ་༢་ཚེས་༡༩་ཉིན་གྱི་སྔ་དྲོ་ནན་ཁྲུང་གྲོང་ཁྱེར་ཧྲུན་ཆིང་ཆུས་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ཁྲིམས་ས་དང་པོར་ཧོང་ག་གེ་མོས་གཞུང་དོན་ལ་གནོད་འཚེ་བཏང་བའི་ཉེས་གསོག་གྱོད་གཞི་དེ་ཁྲིམས་ལྟར་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱས་པ། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་འཕྲིན་ལམ་གྱི<

<ལས་ཡུལ་>>ཞེས་པའི་ལེ་ཚན་དང་།མི་དམངས་ཉིན་རེའི་ཚགས་པར།ཀྲུང་གོའི་དྲ་བ་སོགས་སྨྱན་སྦྱོར་༥༠ལྷག་གིས་གྱོད་དོན་འདི་ལ་དུས་ཐོག་ཏུ་དྲ་རྒྱའི་ཐད་གཏོང་བྱས།

法院经审理查明

ཁྲིམས་ཁང་གིས་ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བ་སྟེ།

2020年2月3日上午10时许,顺庆区综合行政执法局舞凤中队副队长胡某按照上级要求,带领队员在辖区北门市场外巡逻并劝说疫情期间未戴口罩的群众佩戴口罩时,发现被告人黄某某未戴口罩。城管队员唐某、陈某遂上前劝说其佩戴口罩。在劝阻过程中被告人黄某某拒不听从劝说,并出手殴打执法队员,将唐某身上的执法记录仪打掉,还用手打陈某脸部,甚至掏出身上的剪刀刺向执法队员,导致唐某的大腿及手臂多处刺伤,后又继续辱骂执法队员。经鉴定,唐某所受损伤程度为轻微伤。

༢༠༢༠ལོའི་ཟླ་༢ཚེས་༣ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠པ་ཡོལ་ཙམ་ལ་ཧྲུན་ཆིང་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ཅུས་ཞབས་བྲོ་རུ་འབྲིང་གི་རུ་དཔོན་གཞོན་པ་ཧུའུ་ག་གེ་མོས་གོང་རིམ་གྱི་བླང་བྱ་ལྟར་རུ་མི་སྣེ་ཁྲིད་དེ་ཁོངས་གཏོགས་ཁུལ་གྱི་བྱང་སྒོའི་ཁྲོམ་རའི་ཕྱི་རོལ་དུ་སྐོར་གཡེང་བྱེད་པ་དང་འབྲེལ་རིམས་ནད་ཐོན་རིང་ཁ་རས་བརྒྱབ་མེད་པའི་མང་ཚོགས་ལ་ཁ་རས་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་བྱེད་སྐབས་ཞུ་སྦྱོར་ཕྱི་མ་ཧོང་ག་གེ་མོས་ཁ་རས་བརྒྱབ་མེད་པ་ཤེས་རྟོགས་བྱུང་།གྲོང་ཁྱེར་དོ་དམ་རུ་མི་ཐང་ག་གེ་མོ་དང་ཁྲེན་ག་གེ་མོ་མདུན་དུ་བསྐྱོད་དེ་ཁ་རས་རྒྱག་དགོས་པའི་ཁ་ཏ་བསླབ་བྱ་བྱས་པ་རེད་།ཁ་ཏ་བསླབ་བྱ་བྱེད་པའི་བརྒྱུད་རིམ་ནང་ཞུ་སྦྱོར་ཕྱི་མ་ཧོང་ག་གེ་མོས་ཁ་ཏ་བསླབ་བྱར་མི་ཉན་པ་དང་འབྲེལ་ཁྲིམས་འཛིན་རུ་མིར་ཉེས་རྡུང་བཏང་ནས་ཐང་ག་གེ་མོའི་ལུས་ཐོག་གི་ཁྲིམས་འཛིན་ཐོ་འགོད་ཡོ་བྱད་མེད་པ་བཟོས་པ་མ་ཟད་ད་དུང་ལག་པས་ཁྲེན་ག་གེ་མོའི་ངོ་གདོང་ལ་གཞུས་པ་དང་ཐ་ན་ལུས་ཐོག་གི་ཇེམ་ཙེ་བཏོན་ནས་ཁྲིམས་འཛིན་རུ་མིར་གཙགཐང་ག་གེ་མོའི་བརླ་དང་དཔུང་པར་རྨས་སྐྱོན་མང་པོ་ཕོག་པ་དང་དེ་རྗེས་ཁྲིམས་འཛིན་རུ་མིར་མུ་མཐུད་གཤེ་གཤེ་བཏང་བ་རེད་།གསལ་འབྱེད་བྱས་པ་བརྒྱུད་ཐང་ག་གེ་མོར་རྨས་སྐྱོན་ཕོག་ཚད་ནི་རྨས་སྐྱོན་ཆུང་ཆུང་ཞིག་ཡིན་།

法院认为

ཁྲིམས་ཁང་གིས་བསམ་པར།

在新冠肺炎疫情严控期间,被告人黄某某无视国家法律法规,暴力殴打依法落实卫生防控措施等应急处理工作的国家机关工作人员,严重妨害防疫工作秩序,其行为已构成妨害公务罪,依法应当从重处罚。

依据刑法、刑事诉讼法及相关司法解释规定,法庭当庭宣判,被告人黄某某犯妨害公务罪,判处有期徒刑6个月。

ཏོག་དབྱིབས་ནད་དུག་གསར་བ་ལས་བསྐྱེད་པའི་གློ་ཚད་རིམས་ནད་ཚོད་འཛིན་ནན་པོ་བྱེད་རིང་ཞུ་སྦྱོར་ཕྱི་མ་ཧོང་ག་གེ་མོས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྣང་མེད་དུ་བཞག་ནས་ཁྲིམས་ལྟར་འཕྲོད་བསྟེན་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་འཁྱོལ་བྱེད་པ་སོགས་འཕྲལ་སྡོམ་ཐག་གཅོད་ལས་དོན་དོན་འཁྱོལ་བྱེད་མཁན་རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣར་དྲག་ཤུགས་ཀྱིས་ཉེས་རྡུང་བཏང་སྟེ་རིམས་འགོག་ལས་དོན་གྱི་སྒྲིག་ལམ་ལ་འགོག་རྐྱེན་ཚབས་ཆེན་བཟོ་བའི་བྱ་སྤྱོད་དེ་གཞུང་དོན་ལ་འགོག་རྐྱེན་བཟོ་བའི་ཉེས་པ་བསགས་པས་ཁྲིམས་ལྟར་ཉེས་ཆད་ལྕི་པོ་གཅོད་དགོས་།

ཉེས་ཁྲིམས་དང་ཉེས་དོན་གཏུག་བཤེར་བཅའ་ཁྲིམས་དང་དེ་བཞིན་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ཀྱི་གཏན་འབེབས་གཞིར་བཟུང་ཁྲིམས་རས་ཁྲིམས་སར་དཔྱད་མཚམས་ཁྱབ་བསྒྲགས་བྱས་པ་དང་ཞུ་སྦྱོར་ཕྱི་མ་ཧོང་ག་གེ་མོས་གཞུང་དོན་ལ་གནོད་འཚེ་བཏང་བའི་ཉེས་པ་བསགས་ནས་དུས་བཀག་བཙོན་འཇུག་ཟླ་དྲུག་བྱ་རྒྱུའི་ཁྲིམས་ཐག་བཅད་པ་རེད་།

相关法条 འབྲེལ་ཡོད་ཁྲིམས་སྲོལ།

中华人民共和国刑法

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་དོན་བཅའ་ཁྲིམས

第二百七十七条 【妨害公务罪】以暴力、威胁方法阻碍国家机关工作人员依法执行职务的,处三年以下有期徒刑、拘役、管制或者罚金。

以暴力、威胁方法阻碍全国人民代表大会和地方各级人民代表大会代表依法执行代表职务的,依照前款的规定处罚。

在自然灾害和突发事件中,以暴力、威胁方法阻碍红十字会工作人员依法履行职责的,依照第一款的规定处罚。

故意阻碍国家安全机关、公安机关依法执行国家安全工作任务,未使用暴力、威胁方法,造成严重后果的,依照第一款的规定处罚。

暴力袭击正在依法执行职务的人民警察的,依照第一款的规定从重处罚。

དོན་ཚན་ཉིས་བརྒྱ་དོན་བདུན་པ།གཞུང་དོན་ལ་གནོད་འཚེ་བཏང་བའི་བྱས་ཉེས།རྒྱལ་ཁབ་གཞུང་གི་ལས་ཁུངས་ཀྱི་ལས་བྱེད་པས་བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་པར་དྲག་ཐབས་དང་འཇིགས་བསྐུལ་གྱིས་བཀག་འགོག་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་དམ་དངུལ་ཆད་གཅོད་རྒྱུ།

རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་རིམ་པ་ཁག་གི་འཐུས་མིས་བཅའ་ཁྲིམས་ལྟར་འཐུས་མིའི་ལས་འགན་སྒྲུབ་པར་དྲག་ཐབས་དང་འཇིགས་བསྐུལ་གྱིས་བཀག་འགོག་བྱས་རིགས་ལ་གོང་གསལ་ནང་གསེས་དོན་ཚན་གྱི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

རང་བྱུང་གནོད་འཚེ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ནང་རྒྱ་གྲམ་དམར་པོའི་ཚོགས་པའི་ལས་བྱེད་མི་སྣས་བཅའ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་ལ་བརྟེན་ནས་བཀག་འགོག་བྱས་རིགས་ལ་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

རྒྱལ་ཁབ་ཀྱི་བདེ་སྲུང་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟར་རྒྱལ་ཁབ་ཀྱི་བདེ་སྲུང་ལས་འགན་སྒྲུབ་པར་བསམ་བཞིན་དུ་བཀག་འགོག་བྱས་ཤིང་།དྲག་ཤུགས་དང་འཇིགས་སྣང་སྐུལ་བའི་བྱེད་ཐབས་མ་སྤྱད་པས་ངན་འབྲས་ཚབས་ཆེན་བཟོས་རིགས་ལ་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

བཅའ་ཁྲིམས་ལྟར་ལས་འགན་སྒྲུབ་བཞིན་པའི་མི་དམངས་ཉེན་རྟོག་པར་དྲག་ཤུགས་ཀྱིས་འཇབ་རྒོལ་བྱས་རིགས་ལ་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་ལྕི་བར་གཅོད་རྒྱུ།

最高人民法院、最高人民检察院

关于办理妨害预防、控制突发传染病疫情等灾害的刑事案件

具体应用法律若干问题的解释

ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ཐོལ་བྱུང་འགོས་ནད་སོགས་གནོད་འཚེའི་རིགས་འགོག་སྲུང་དང་ཚོད་འཛིན་བྱེད་པ་དང་འབྲེལ་བའི་ཉེས་དོན་གྱོད་གཞིའི་ཞིབ་ཕྲའི་ཁྲིམས་ལུགས་བེད་སྤྱོད་ཐད་ཀྱི་གནད་དོན་འགའི་འགྲེལ་བཤད།

(法释[2003]8号)

(ཁྲིམས་འགྲེལ། [2003]ཨང8པ།)

第八条 以暴力、威胁方法阻碍国家机关工作人员、红十字会工作人员依法履行为防治突发传染病疫情等灾害而采取的防疫、检疫、强制隔离、隔离治疗等预防、控制措施的,依照刑法第二百七十七条第一款、第三款的规定,以妨害公务罪定罪处罚。

དོན་ཚན་བརྒྱད་པ། དྲག་ཤུགས་དང་འཇིགས་སྐུལ་གྱི་ཐབས་ཀྱིས་རྒྱལ་ཁབ་ཀྱི་ལས་བྱེད་པ་དང་རྒྱལ་གྲམ་དམར་པོའི་ལས་མིས། ཁྲིམས་ལྟར་ཐོལ་བྱུང་འགོས་ནད་སོགས་གནོད་འཚེ་ལ་རིམས་འགོག་དང་། རིམས་བཤེར། བཙན་གྱིས་ཁ་བྲལ་བྱེད་དུ་འཇུག་པ། ཁ་བྲལ་གསོ་བཅོས་སོགས་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྤེལ་བར་བཀག་འགོག་བྱས་ན་ཉེས་ཁྲིམས་ཀྱི་དོན་ཚན་ཉིས་བརྒྱ་དང་དོན་བདུན་གྱི་ཚན་པ་དང་པོ་དང་གསུམ་པའི་གཏན་འབེབས་ལྟར་སྤྱི་བའི་ལས་དོན་ལ་བར་ཆད་བྱས་པའི་ཉེས་པ་ལྟར་ཉེས་ཆད་གཅོད་རྒྱུ།

来源:甘孜藏族自治州中级人民法院

原标题:《【双语普法】男子暴力妨害疫情防控,获刑6个月》

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈