澎湃Logo
下载客户端

登录

  • +1

【5.22】ཡུས་ཧྲུའུ་གསར་འགྱུར་རྒྱང་བསྒྲགས། 玉树藏语新闻广播

2020-05-22 22:54
来源:澎湃新闻·澎湃号·政务
字号

州广播电视台

2. གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་བཏང་པའི་ཡུས་ཧྲུའུ་ཡི་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ་རེད།

ནང་དོན་དངོས། ཟླ་5ཚེས་19ཉིན་ལ་ཡུས་ཧྲུའུ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་དང་མཉམ་དུ་གཉེར་བའི་ཞིང་ཆེན་ཡོངས་ཀྱི་ཐོན་རྫས་གཉིས་དང་ཡོ་ཆས་གཅིག་གི་གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་བཏང་པའི་ཡུས་ཧྲུའུ་ཡི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་ཤིང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲང་ཀྲུང་ཐེན་དང་ཡུས་ཧྲུའུ་ཁུལ་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཅ་ནའེ་ཧུང་རྣམ་གཉིས་སློབ་འགོ་ཚུགས་པའི་མཛད་སྒོ་དེར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་སྤེལ་འདུག

ཀྲང་ཀྲུང་ཐེན་གྱིས་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་འདི་ནན་ཤོས་བཞིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགན་སྲུང་གལ་ཆེན་ཞིག་ཡིན་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མི་སྣ་གསོ་སྦྱོང་ཆེན་པོ་དང་། ལས་གནས་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྐྱོང་ཆེན་པོ་བཅས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེ་བྲག་གི་བྱ་སྤྱོད་ཡིན་པ་མ་ཟད་ལས་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་ཀྱང་ཡིན་པས་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་སློབ་སྦྱོང་དང་གསོ་སྦྱོང་ལ་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་པའི་དུས་མཚུངས་སུ་ད་ཐེངས་སློབ་སྦྱོང་གི་གྲུབ་འབྲས་དེ་སྨན་ཆས་བདེ་འཇགས་ལྟ་སྐུལ་དོ་དམ་གསར་གཏོད་བྱེད་པའི་བསམ་ཕྱོགས་གསར་པ་དང་དཔེ་དབྱིབས་གསར་པར་བསྒྱུར་བ་དང་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་བྱེད་ཐབས་གསར་པ་དོན་འཁྱོལ་བྱེད་པའི་བྱ་ཐབས་གསར་པར་བསྒྱུར་དགོས། ཡུས་ཧྲུའུ་ཁུལ་ཁྲོམ་ར་དང་དེ་བཞིན་སྨན་རྫས་ལྟ་སྐུལ་དོ་དམ་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་པ་བསྟན་འདུག

ཅ་ནའེ་ཧུང་གིས་ད་ཐེངས་ཀྱི་ཐོན་རྫས་གཉིས་དང་ཡོ་ཆས་གཅིག་གི་གཞི་རིམ་གྱི་ལྟ་སྐུལ་དོ་དམ་ནུས་པ་ཆེ་རུ་གཏོང་པའི་གསོ་སྦྱོང་འཛིན་གྲྭ་ནི་སློབ་སྦྱོང་གི་གོ་སྐབས་ཡག་པོ་ཞིག་ཡིན་པས་སློབ་མ་ཚོས་ད་ཐེངས་ཀྱི་གསོ་སྦྱོང་དེ་འགོ་འཛུགས་ས་གསར་པར་བརྩི་དགོས་ཤིང་ཆེད་ལས་ཤེས་བྱ་རྒྱ་སྐྱེད་དང་ལས་ཀ་བྱེད་སྟངས་ཁོང་དུ་ཆུད་པ། བློ་རྩེ་གཅིག་སྒྲིམ། དངོས་སྒྲུབ་གསར་གཏོད་དང་འབད་འབུངས་ཡར་བརྩོན་གྱིས་རང་ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་དགོས། ཁོང་གིས་སྙིང་རུས་ཆེ་ཞིང་སློབ་སྦྱོང་ལ་དགའ་བ་དང་སློབ་སྦྱོང་གི་དུས་ཚོད་ལུགས་མཐུན་གྱིས་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ནས་སློབ་སྦྱོང་དང་ལས་དོན་ལ་འཐུས་ཤོར་མི་འགྲོ་པ་དང་གཉིས་ཀར་སྐུལ་འདེད་བཏང་སྟེ་རང་ངོས་ཀྱི་ཕྱོགས་བསྡུས་ལས་སྒོའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ནས་སྦྱངས་པ་གོ་ཆོད་པ་བྱ་དགོས། སློབ་སྦྱོང་གི་གྲུབ་འབྲས་དེ་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་གྱི་རྣམ་པ་གསར་པ་སྔར་བས་གཏོད་དགོས་པ། དམ་པ་དོན་གཉེར་དང་ལོ་ཧྲིལ་པོའི་དམིགས་འབེན་དང་ལས་འགན་རྣམས་ཞིབ་བསྡུར་བྱེད་རྒྱུ། ཚད་བསྡུར་ཞན་འཚོལ་དང་བྱ་ཐབས་ལ་ཤུགས་སྣོན་བརྒྱབ་ནས་ལོ་ཕྱེད་རིང་ལས་ཀ་ཤུགས་ཆེན་བསྒྲུབས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཁག་རྣམས་ཁྱོན་ཡོངས་ནས་ལེགས་སྒྲུབ་ཐུབ་པ་འགན་ལེན་བྱེད་དགོས་པ་བསྟན་འདུག

ཤེས་རྟོགས་བྱུང་པར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འདི་དུས་ཡུན་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་པ་དང་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱི་དགེ་རྒན་བདུན་གདན་ཞུས་བྱེད་ནས་ཆེད་དོན་ཟུར་ཁྲིད་དང་གྱོད་དཔེ་དབྱེ་ཞིབ། ཡུལ་དངོས་ཀྱི་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་སློབ་ཁྲིད་བྱེད་རྒྱུ་ཡིན་པ་རེད།

ཡིག་སྒྱུར་པ། ཨ་མགོན་དོན་ཧོར།

原标题:《【5.22】ཡུས་ཧྲུའུ་གསར་འགྱུར་རྒྱང་བསྒྲགས། 玉树藏语新闻广播》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈