澎湃Logo
下载客户端

登录

  • +1

【藏汉双语】出借社保卡是否构成犯罪?

2020-10-11 16:29
来源:澎湃新闻·澎湃号·政务
字号

སྤྱི་ཚོགས་འགན་སྲུང་གི་གཱ་གཞན་ལ་གཡར་ན་ཉེས་བསགས་གྲུབ་བམ།

出借社保卡是否构成犯罪?

ཁ་བསླུས་ནག་ཉེས་ཞེས་པ་ནི། ཚུལ་མིན་བདག་བཟུང་བྱ་རྒྱུ་དམིགས་ཡུལ་དུ་བཅངས་ཏེ། མི་བདེན་རྫུན་སྒྲིག་གམ་ཡང་ན་དོན་དངོས་སྦས་གསང་གི་ཐབས་ལ་བརྟེན་ནས། སྤྱི་པའི་རྒྱུ་ནོར་གྲངས་འབོར་མང་ཙམ་གཡོ་ལེན་བྱས་པའི་བྱ་སྤྱོད་ལ་གོ་དགོས།

诈骗罪是指以非法占有为目的,用虚构事实或者隐瞒真相的方法,骗取数额较大的公私财物的行为。

༢༠༡༨ལོར་བརྟག་དཔྱད་བྱས་པ་བརྒྱུད་གྱོད་ཡ་ཝང་ཅི་ཅིག་ལ་འགོས་མཆེད་རང་བཞིན་གྱི་སྙིང་སྐྱི་ནང་མའི་གཉན་ཚད་ན་བ་ཤེས། ༢༠༡༨ལོའི་ཟླ་༣པ་ནས་༤བའི་བར་དུ་རང་ཉིད་སྨན་བཅོས་འགན་སྲུང་ལ་མ་ཞུགས་སྟབས་ཚ་བོ་ཀྲང་ཅི་ཅིག་གི་མིང་བབ་ཆ་འཕྲིན་དང་སྨན་བཅོས་འགན་སྲུང་གཱ་རྫུ་སྤྱོད་བྱས་ཏེ། སྔ་རྗེས་སུ་སྨན་ཁང་མང་པོར་ནད་སྡོད་སྨན་བཅོས་བྱས། དེའི་ཆུང་མ་གྱོད་ཡ་དཱན་མི་མིག་གིས་རོགས་དན་ཞུས་ནས་ཀྲང་ཅི་ཅིག་གི་མིང་བབ་ཆ་འཕྲིན་དང་སྨན་བཅོས་འགན་སྲུང་གཱ་རྫུ་སྤྱོད་བྱས་ཏེ་སྨན་ཁང་དུ་བསྡད་པ་མ་ཟད་དེ་འབྲེལ་སྨན་རིན་ཡང་རྩིས་ཞུས་བྱས་ཡོད། ཁོང་གཉིས་ཀྱིས་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཐེབས་དངུལ་ཁྱོན་བསྡོམས་སྒོར་54432.01གཡོ་ལེན་བྱས་པ་རེད།

被告人王x于2018年被检查出患感染性心内膜炎,在2018年3月至4月期间,因本人没有医保,便冒用外甥张x的身份信息及医保卡,先后在多个医院住院治疗,其妻子被告人田x帮助冒用张x的身份信息和医保卡住院并报销相关医疗费用,两人共计骗取国家医保基金人民币54432.01元。

ཁྲིམས་ཁང་གིས་ངོས་འཛིན་གནང་གསལ། གྱོད་ཡ་ཝང་ཅི་ཅིག་དང་དཱན་ཅི་ཅིག་གཉིས་ཀྱིས་བསླུ་ཐབས་སྤྱད་དེ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཐེབས་དངུལ་འབོར་ཆེན་གཡོ་ལེན་བྱས་པའི་བྱ་སྤྱོད་ཉིད་ཁ་བསླུས་ནག་ཉེས་སུ་གྲུབ་ཡོད། ཐུན་མོང་ཉེས་བསགས་ཀྱི་ཁྲོད་དུ་གྱོད་ཡ་ཝང་ཅི་ཅིག་གིས་ནུས་པ་གཙོ་བོ་བཏོན་ཡོད་ཕྱིར་བྱེད་གཏེ་ཡིན་ཞིང་། ཁྲིམས་ལྟར་དེ་ཉིད་ཉེས་བསགས་ཀྱི་བྱ་སྤྱོད་ཧྲིལ་པོར་ཞུགས་པའམ་སྒྲིག་འཛུགས་བྱས་པ་དང་བཀོད་འདོམས་བྱས་པའི་དོན་དངོས་ལ་གཞིགས་ནས་ཉེས་ཆད་གཅོད་རྒྱུ། གྱོད་ཡ་དཱན་ཅི་ཅིག་གིས་ནུས་པ་ཕལ་པ་བཏོན་ཡོད་ཕྱིར་རྗེས་འབྲངས་ཉེས་ཅན་དུ་བགྲང་རུང་ཞིང་། ཁྲིམས་ལྟར་ཉེས་ཆད་ཡང་གཅོད་དང་ཆག་ཡང་གཏོང་བའམ་ཡང་ན་རྩ་ཆག་གཏོང་རྒྱུ། གྱོད་ཡ་ཝང་ཅི་ཅིག་དང་དཱན་ཅི་ཅིག་གཉིས་ཁྲིམས་སར་འབྱོར་འཕྲལ་རང་གི་ཉེས་སྤྱོད་ཇི་མ་ཇི་བཞིན་ཁས་ལེན་བྱས་ཤིང་ནག་ཉེས་ངོས་ལེན་ཞུ་སྟངས་ཡག་པོ་ཡོད་ཕྱིར། ཁྲིམས་ལྟར་ཉེས་ཆད་ཡང་གཅོད་བྱེད་ཆོག

法院认为,被告人王x、田x采取欺诈手段,骗取国家医保基金,数额巨大,其行为均已构成诈骗罪。在共同犯罪中,被告人王x起了主要作用,系主犯,依法应当按照其所参与的或者组织、指挥的全部犯罪处罚。被告人田x起了次要作用,系从犯,依法应当从轻、减轻或者免除处罚。被告人王x、田x到案后如实供述自己的罪行,认罪态度好,依法可以从轻处罚。

ཁྲིམས་ཁང་གིས་དཔྱད་མཚམས་གནང་གསལ། གྱོད་ཡ་ཝང་ཅི་ཅིག་གིས་ཁ་བསླུས་ནག་ཉེས་བསགས་ཡོད་ཕྱིར་དུས་བཙོན་ལོ་གསུམ་བཅད་ནས་ཉེས་འགྱང་ལོ་ཕྱེད་བཞི་འཇོག་རྒྱུ་དང་། དངུལ་ཆད་མི་དམངས་ཤོག་སྒོར་ཉིས་སྟོང་ཆབས་སྦྲགས་སུ་གཅོད་རྒྱུ། དཔྱད་མཚམས་འདི་ཉིད་ཁྲིམས་ནུས་ཐོན་རྗེས་ཀྱི་ཉིན་བཅུའི་ནང་ཚུད་དུ་དངུལ་ཆད་འཇལ་དགོས། གཞན་ཡང་གྱོད་ཡ་ཝང་ཅི་ཅིག་དང་དཱན་ཅི་ཅིག་གཉིས་ལ་དཔྱད་མཚམས་འདི་ཉིད་ཁྲིམས་ནུས་ཐོན་རྗེས་ཀྱི་ཟླ་བ་གཅིག་ནང་ཚུད་དུ་རྒྱལ་ཁབ་ཀྱི་སྨན་བཅོས་འགན་སྲུང་ཐེབས་དངུལ་མི་དམངས་ཤོག་སྒོར་54432.01གསབ་འཇལ་བྱེད་དགོས་པའི་བཀའ་ཕབ་ཡོད།

法院判决被告人王x犯诈骗罪,判处有期徒刑三年,缓刑三年六个月,并处罚金人民币五千元,罚金限在本判决生效后十日内缴纳。被告人田x犯诈骗罪,判处有期徒刑一年六个月,缓刑二年,并处罚金人民币二千元,罚金限在本判决生效后十日内缴纳。责令被告人王x、田x在本判决生效后一个月内退赔国家医保基金人民币五万四千四百三十二元一分。

来源:拉姆说法

原标题:《【藏汉双语】出借社保卡是否构成犯罪?》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈