澎湃Logo
下载客户端

登录

  • +1

【藏汉双文版】 发票的重要性

2021-04-11 20:38
来源:澎湃新闻·澎湃号·政务
字号

འཛིན་ཤོག་གི་གལ་ཆེའི་རང་བཞིན།

发票的重要性

《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བཅའ་ཁྲིམས་》དོན་ཚན་ཉེར་གཉིས་པ་གཞིར་བཟུང་ན། ཚོང་གཉེར་བྱེད་མཁན་གྱིས་ཚོང་ཟོག་གམ་ཞབསས་ཞུ་འདོན་སྤྲོད་བྱེད་པའི་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་སམ་ཚོང་ལས་ཀྱི་རྒྱུན་སྲོལ་ལྟར་འཛད་སྤྱོད་པར་འཛིན་ཤོག་སོགས་ཚོང་ཟོག་ཉོས་པའི་དཔང་ཡིག་གམ་ཞབས་ཞུའི་འཛིན་ཡིག་སྤྲོད་དགོས། འཛད་སྤྱོད་པས་འཛིན་ཤོག་སོགས་ཚོང་ཟོག་ཉོས་པའི་དཔང་ཡིག་གམ་ཞབས་ཞུའི་འཛིན་ཡིག་བསླངས་ཚེ། ཚོང་གཉེར་བྱེད་མཁན་གྱིས་ངེས་པར་དུ་སྤྲོད་དགོས།

根据《消费者权益保护法》第二十二条规定:经营者提供商品或者服务,应当按照国家有关规定或者商业惯例向消费者出具发票等购货凭证或者服务单据;消费者索要发票等购货凭证或者服务单据的,经营者必须出具。

《འཛིན་ཤོག་དོ་དམ་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱ་ཐབས་》དོན་ཚན་བཅུ་དགུ་པར། ཚོང་ཟོག་བཙོང་པ་དང་། ཞབས་ཞུ་འདོན་སྤྲོད་བྱས་པ། དེ་བཞིན་ཚོང་གཉེར་བྱེད་སྒོ་གཞན་དག་སྤེལ་བ་བཅས་བྱེད་མཁན་སྡེ་ཚན་དང་མི་སྒེར་གྱིས་ཕྱི་ཕྱོགས་སུ་ཚོང་གཉེར་བྱས་ཏེ་དངུལ་བླངས་ཚེ། དངུལ་ལེན་མཁན་ཕྱོགས་ཀྱིས་དངུལ་སྤྲོད་མཁན་ཕྱོགས་ལ་འཛིན་ཤོག་སྤྲོད་དགོས། དམིགས་བསལ་གྱི་གནས་ཚུལ་སྐབས་སུ་དངུལ་སྤྲོད་མཁན་ཕྱོགས་ཀྱིས་དངུལ་ལེན་མཁན་ཕྱོགས་ལ་འཛིན་ཤོག་སྤྲོད་དགོས་ཞེས་དང་།

《中华人民共和国发票管理办法》第十九条销售商品、提供服务以及从事其他经营活动的单位和个人,对外发生经营业务收取款项,收款方应当向付款方开具发票;特殊情况下,由付款方向收款方开具发票。

དོན་ཚན་ཉི་ཤུ་པར། སྡེ་ཚན་དང་། ཐོན་སྐྱེད་གཉེར་སྐྱོང་གི་བྱེད་སྒོ་སྤེལ་མཁན་མི་སྒེར་ཚང་མས་ཚོང་ཟོག་ཉོས་པ་དང་། ཞབས་ཞུ་དང་ལེན་བྱས་པ། ཚོང་གཉེར་གྱི་བྱེད་སྒོ་གཞན་དག་ལ་ཞུགས་ནས་དངུལ་སྤྲོད་སྐབས། དངུལ་ལེན་མཁན་ཕྱོགས་ནས་འཛིན་ཤོག་ལེན་དགོས། འཛིན་ཤོག་ལེན་སྐབས་ཟོག་མིང་དང་དངུལ་འབོར་བཟོ་བཅོས་བྱེད་མི་ཆོག་ཅེས་དང་།

第二十条所有单位和从事生产、经营活动的个人在购买商品、接受服务以及从事其他经营活动支付款项,应当向收款方取得发票。取得发票时,不得要求变更品名和金额。

དོན་ཚན་ཉེར་གཅིག་པར། ཚད་ལྡན་མ་ཡིན་པའི་འཛིན་ཤོག་ནི་ནོར་དོན་རྩིས་ཞུས་ཀྱི་དཔང་ཡིག་ཏུ་མི་འགྲོ་སྟབས་སྡེ་ཚན་དང་མི་སྒེར་སུ་ལའང་དེ་ཉིད་མི་ལེན་པའི་དབང་ཆ་ཡོད་པ་ཡིན་ཞེས་འཁོད་ཡོད།

第二十一条不符合规定的发票,不得作为财务报销凭证,任何单位和个人有权拒收。

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་》དོན་ཚན་ཉིས་བརྒྱ་དང་ལྔ་པར། 【གནས་ཐང་འཕར་ཁྲལ་ཀྱི་ཆེད་སྤྱོད་འཛིན་ཤོག་དང་། ཕྱིར་གཏོང་ཁྲལ་དངུལ་ཕྱིར་སློག་གི་གཡོ་ཐབས། ཁྲལ་དངུལ་འཐེན་འཕྲིའི་འཛིན་ཤོག་བཅས་རྫུན་འབྲི་བྱས་པའི་ནག་ཉེས།】གནས་ཐང་འཕར་ཁྲལ་ཀྱི་ཆེད་སྤྱོད་འཛིན་ཤོག་རྫུན་འབྲི་བྱས་པའམ་ཡང་ན་ཕྱིར་གཏོང་ཁྲལ་དངུལ་གཡོ་ལེན་དང་ཁྲལ་དངུལ་འཐེན་འཕྲིའི་ཆེད་དུ་སྤྱོད་པའི་འཛིན་ཤོག་གཞན་དག་རྫུན་འབྲི་བྱས་རིགས་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་སྒོར་ཁྲི་གཉིས་ཡན་ནས་འབུམ་གཉིས་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། རྫུན་འབྲི་བྱས་པའི་ཁྲལ་དངུལ་གྱི་གྲངས་འབོར་མང་ཙམ་ཡིན་པའམ་ཡང་ན་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་གྱི་ཉེས་ཆད་གཅོད་རྒྱུ་དང་སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་ཆབས་སྦྲགས་སུ་གཅོད་རྒྱུ། རྫུན་འབྲི་བྱས་པའི་ཁྲལ་དངུལ་གྱི་གྲངས་འབོར་ཧ་ཅང་མང་པོ་ཡིན་པའམ་ཡང་ན་བྱས་ཉེས་ཚབས་ཧ་ཅང་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་སྒོར་ཁྲི་ལྔ་ཡན་ནས་འབུམ་ལྔ་མན་བར་གྱི་དངུལ་ཆད་དམ་རྒྱུ་ནོར་གཞུང་བཞེས་ཀྱི་ཆད་པ་ཆབས་སྦྲགས་སུ་གཅོད་རྒྱུ།

《中华人民共和国刑法》第二百零五条 【虚开增值税专用发票、用于欺骗出口退税、抵扣税款发票罪】虚开增值税专用发票或者虚开用于欺骗出口退税、抵扣税款的其他发票的,处三年以下有期徒刑或者拘役,并处二万元以上二十万元以下罚金;虚开的税款数额较大或者有其他严重情节的,处三年以上十年以下有期徒刑,并处五万元以上五十万元以下罚金;虚开的税款数额巨大或者有其他特别严重情节的,处十年以上有期徒刑或者无期徒刑,并处五万元以上五十万元以下罚金或者没收财产。

དོན་ཚན་འདིའི་ནང་ཚད་བཀག་བྱས་པའི་ནག་ཉེས་སྡེ་ཚན་གྱིས་བསགས་ན། སྡེ་ཚན་དེར་དངུལ་ཆད་གཅོད་རྒྱུ་དང་། དེའི་འགན་ཐད་ཀར་འཁུར་བའི་གཙོ་སྐྱོང་མི་སྣ་དང་ཁག་འགན་ཐད་ཀར་འཁུར་བའི་མི་སྣ་གཞན་དག་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ། རྫུན་འབྲི་བྱས་པའི་ཁྲལ་དངུལ་གྱི་གྲངས་འབོར་མང་ཙམ་ཡིན་པའམ་ཡང་ན་བྱས་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་གྱི་ཉེས་ཆད་གཅོད་རྒྱུ་། རྫུན་འབྲི་བྱས་པའི་ཁྲལ་དངུལ་གྱི་གྲངས་འབོར་ཧ་ཅང་མང་པོ་ཡིན་པའམ་ཡང་ན་བྱས་ཉེས་ཚབས་ཧ་ཅང་ཆེ་བའི་གནས་ཚུལ་གཞན་དག་ཡོད་རིགས་ལ་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ།

单位犯本条限定之罪的,对单位判处罚金,并对其直接负责的主管人员和其他直接职责人员,处三年以下有期徒刑或者拘役;虚开的税款数额较大或者有其他严重情节的,处三年以上十年以下有期徒刑;虚开的税款数额巨大或者有其他特别严重情节的,处十年以上有期徒刑或者无期徒刑。

来源:拉姆说法

审 核|朋毛东知

编 辑|王 艳 志

原标题:《【藏汉双文版】 发票的重要性》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈