澎湃Logo
下载客户端

登录

  • +1

兴海县公安局关于解决无户口人员登记户口的通告【藏汉双语】

2021-04-12 18:40
来源:澎湃新闻·澎湃号·政务
字号

བྲག་དཀར་རྫོང་སྤྱི་བདེ་ཅུས་ཁྱིམ་ཐོ་མེད་པའི་མི་སྣའི་གནད་དོན་

ཐག་གཅོད་པར་ཁྱིམ་ཐོ་ཐོ་འགོད་བྱེད་པའི་སྐོར་གྱི་བརྡ་ཁྱབ།

གཏིང་ཟབ་མོས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་བྱ་བར་སྐུལ་འདེད་བྱས་ཏེ།བྲག་དཀར་སྤྱི་བདེ་ཡིས་དམངས་ལ་དོན་དངོས་དང་དོན་བཟང་བསྒྲུབ་སྟེ།དམངས་ཀྱི་དཀའ་ཁག་སེལ་བའི་རང་བཞིན་མངོན་པར་མཚོན་པ་དང་།དོན་དངོས་སྟེང་མངའ་ཁོངས་མང་ཚོགས་ཀྱི་སེམས་ཁྲལ་དཀའ་ཁག་རེ་བའི་གནད་དོན་ཐག་གཅོད་བྱས་ནས།རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་།བདེ་སྐྱིད་ཀྱི་ཚོར་སྣང་།བདེ་འཇགས་ཀྱི་ཚོར་སྣང་ཇེ་དྲག་ཏུ་གཏོང་ཆེད།དེ་རིང་ནས་བཟུང་བྲག་དཀར་རྫོང་སྤྱི་བདེ་ཅུས་རྫོང་ཡོངས་ཀྱི་མངའ་ཁོངས་སུ《ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིག》སྒྲུབ་མེད་པའི་ཁྱིམ་ཐོ་མེད་པའི་མི་སྣ་དང་།ཉར་གསོའི་འགྲོ་ལུགས་མ་སྒྲུབ་པར་དོན་དངོས་སྟེང་ཉར་གསོ་བྱེད་བཞིན་པའི་ཁྱིམ་ཐོ་མེད་པའི་མི་སྣ།ལོ་བཅུ་བཞིའི་མན་ཆད་ཀྱི་ཉར་གསོའི་ཐོ་འགོད་ཆ་རྐྱེན་དང་མི་མཐུན་པའི་ཁྱིམ་ཐོ་མེད་པའི་བྱིས་པ།ལོ་རྒྱུས་ཀྱི་དཔང་ཡག་བོར་བརླག་སོང་བའི་ཁྱིམ་ཐོ་མེད་པའི་མི་སྣར་གྱུར་བ།གཞན་པའི་ཁྱིམ་ཐོ་མེད་པའི་མི་སྣ་བཅས་ལ་གཅིག་བསྡུས་ཀྱིས་ཁྱིམ་ཐོ་མེད་པའི་མི་སྣར་རྩད་ གཅོད་ཐོ་འགོད་བྱ་བ་སྤེལ་རྒྱུ་ཡིན་ལ། གོང་སྨྲས་ཀྱི་གནས་ཚུལ་ལྡན་པའི་ཁྱིམ་ཐོ་ མེད་པའི་མི་སྣ་དག་རང་ཉིད་དངོས་སུ་སྡོད་པའི་ས་དེའི་མངག་གཏོང་ཁང་དུ་སོང་སྟེ་འདྲི་རྩད་བྱེད་དགོས་པ་མ་ཟད།ཐོ་འགོད་ཀྱང་བྱེད་དགོས་ལ།ངེད་ཅུས་ཀྱིས་གཅིག་གྱུར་གྱིས་ཁྱིམ་ཐོ་མེད་པའི་མི་སྣ་ཐོ་འགོད་ཀྱི་འབྲེལ་ཡོད་སྲིད་ཇུས་ལྟར་ཡིག་ཐོག་སྙན་བྱས་ཏེ་ཐོ་འགོད་བྱེད་རྒྱུ་ཡིན། "མི་དམངས་སྤྱི་བདེ་དམངས་ཀྱི་ཆེད"། ངེད་ལས་ཁུངས་ཀྱི་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་སྤྲོ་སེམས་ངང་ནས་དཀའ་ཁག་ཡོད་པའི་མང་ཚོགས་ལ་དོན་དངོས་བསྒྲུབ་སྟེ།དོན་ངོ་མར་མང་ཚོགས་ལ་ཕན་འབྲས་དངོས་ཐོབ་ཏུ་འཇུག་ངེས།《ཕྲུ་གུ་སྐྱེས་པའི་གསོ་རིག་དཔང་ཡིགསྒྲུབ་མེད་པའི་ཁྱིམ་ཐོ་མེད་པའི་མི་སྣ་དང་། ཉར་གསོའི་འགྲོ་ལུགས་མ་སྒྲུབ་པརDNAགསལ་འབྱེད་བྱེད་དགོས་མོད། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ཁག་ཆེ་པས་གསལ་འབྱེད་མ་བྱས་པ་ལ། དོ་བདག་པས་རེ་ཞུ་བརྒྱུད་དེ། ངེད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་རྗེས། ངེད་ལས་ཁུངས་ཀྱིས་རང་འགུལ་གྱིས་གསལ་འབྱེད་བྱེད་པའི་འགྲོ་སོང་འགན་འཁུར་རྒྱུ་མ་ཟད། (གསལ་འབྱེད-དཔང་ཡིག་བསྒྲུབ་པ-ཁྱིམ་གཞིས་འཛུགས་པ-དཔང་ཡིག་སྐྱེལ་བའིས་ཚིགས་གཅིག་གི་རང་བཞིན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་རྒྱུ་ལ།མི་དམངས་ཉེན་རྟོག་པའི་དུས་རབས་གསར་བའི་ལས་འགན་ཕྲག་ཏུ་ཁུར་ཐུབ་པ་གང་ལེགས་ཀྱིས་མངོན་པར་མཚོན་དགོས།རེ་བ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྔ་མ་ནང་བཞིན་མི་དམངས་སྤྱི་བདེའི་བྱ་བར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་།སྤྱི་བདེའི་ཁྱིམ་ཐོའི་སྒེའུ་ཁུང་གི་ཁྱིམ་ཐོ་ཐོ་འགོད་སྒྲུབ་གཉེར་བྱ་བར་ལྟ་སྐུལ་བྱས་ནས། ང་ཚོས་སྔར་ལས་ ལྷག་པའི་སྒོ་ནས་བྱ་བ་ལེགས་བསྒྱུར་དང་། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་པར་སྟབས་བདེ་བཟོ་རྒྱུ་དེ་ཡིན།

བློ་འདྲི་ཁ་པར:

རྫོང་སྤྱི་བདེ་ཅུས:13897796360

རྩི་གོར་ཐང་མངག་གཏོང་ཁང་། 0974-8581204

དཔལ་ཁ་མངག་གཏོང་ཁང་། 0974-8589126

ཆུ་སྔོན་མངག་གཏོང་ཁང་། 13649778885

ཐང་ནག་མངག་གཏོང་ཁང་། 0974-8586110

ཆུ་ཁོལ་མངག་གཏོང་ཁང་། 14709740551

ལུང་བཟང་མངག་གཏོང་ཁང་། 17709743253

འབྲོང་འཐུས་མངག་གཏོང་ཁང་། 15809743320

ཆེད་དུ་བཏང་པའི་བརྡ་ཁྱབ།

བྲག་དཀར་རྫོང་སྤྱི་བདེ་ཅུས།

༢༠༢༡ལོའི་ཟླ༤པའི་ཚེས༡༠ཉིན།

兴海县公安局关于解决无户口人员

登记户口的通告

为深入推进政法队伍教育整顿工作的学习成果切实转化为工作实效,彰显兴海公安为民办实事、办好事、解难事的为民本色,切实解决好辖区群众愁难急盼的问题,不断增强人民群众的获得感、幸福感、安全感,自即日起兴海县公安局将在全县范围内对因未办理《出生医学证明》无户口人员、未办理收养手续的事实收养的无户口人员、十四周岁以下不符合收养登记条件的无户口儿童、因历史证件遗失造成的无户口人员、其他无户口人员集中开展无户口人员摸排登记工作。凡是有上述情况的无户口人员请到实际居住地派出所咨询,并进行登记,我局将统一按无户口人员登记的相关政策申报登记。

“人民公安为人民”,我局全体民辅警将始终满怀热情为困难群众办实事,真正使老百姓得到实惠。对未办理《出生医学证明》需要做DNA鉴定的无户口人员,确因家庭经济困难未做鉴定的, 经当事人申请,经我局核实后,我局将主动承担鉴定费用并提供(鉴定-办证-落户-送证)一站式服务,充分彰显人民警察新时代的使命担当。

希望广大人民群众一如既往地关心和支持公安工作,对公安户籍窗口办理户口登记工作进行监督,以便我们更好的改进工作,更好地服务广大人民群众。

咨询电话:

县公安局:13897796360

子科滩派出所:0974-8581204

河卡派出所:0974-8589126

曲什安派出所:13649778885

唐乃亥派出所:0974-8586110

温泉派出所:14709740551

龙藏派出所:17709743253

中铁派出所:15809743320

特此通告。

兴海县公安局

2021年4月10日

审核丨扎保

校对丨马生科、季永桂

原标题:《兴海县公安局关于解决无户口人员登记户口的通告【藏汉双语】》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈