澎湃Logo
下载客户端

登录

  • +1

པདྨ་རྫོང་ཁྲིམས་ཁང་གི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག班玛…

2020-12-31 18:12
来源:澎湃新闻·澎湃号·政务
字号

元旦

ལོ་ཟླ་འཁོར་སྐྱོད་ཀྱི་དུས་ཚོད་གསར་བའི་འགོ་འཛུགས་སར་ལངས་ཏེ་པདྨ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་དང་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་སྙིང་ཐག་པ་ནས་ལྷན་རྒྱས་ལ་ལོ་གསར་པའི་ནང་ལུས་ཁམས་བདེ་ཐང་ཡོང་བ་དང་བྱ་བ་ལམ་འགྲོ་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ།

སྤྱི་ལོ༢༠༢༠ལོ་ནི་སྤྱིར་བཏང་མིན་པའི་ལོ་ཞིག་རེད།ལོ་འདིའི་ནང་པདྨ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་།བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་སྐྱོང་གི་ལམ་དུ་བསྐྱོད་པ་དང་།ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིམས་ཁང་གི་བྱ་བར་འགོ་ཁྲིད་མཐའ་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ལ།མཐུན་སྒྲིལ་འབད་འཐབ་དང་འགག་སྒྲོལ་དཀའ་སེལ།འགན་འཁྲི་ཁྲོད་དམ་སྲུང་དང་།དམ་སྲུང་ཁྲོད་གསར་གཏོད།ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཏེ།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་།རང་འགན་གཙང་སྒྲུབ།ཞུམ་མེད་མདུན་སྐྱོད་བཅས་བྱས།ལོ་ཧྲིལ་པོར་གྱོད་གཞི་ཐག་གཅོད་བྱེད་ཚད་བརྒྱ་ཆའི་བརྒྱ་ཡིན་པ་དང་།ནུས་ལྡན་གྱིས་འབྲོག་པ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ནས་ལས་དོན་ཁག་ལ་བཀྲག་མདངས་འཚེར་ས་མི་ཉུང་བ་ཞིག་ཐོབ་ཡོད།

ལོ་འདིར་ང་ཚོས་དམངས་སེམས་གཅིག་སྒྲིལ་བྱས་ཏེ་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས།

ལོ་འདིར་ང་ཚོས་འགན་འཁྲི་རྣམ་དག་གིས་སྒྲུབ་སྟེ་སྤྱི་ཚོགས་དྲང་བཞག་དྲང་བདེན་ཡོང་བར་སྲུང་སྐྱོབ་བྱས།

ལོ་འདིར་ང་ཚོས་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་དམངས་ཀྱི་དོན་དུ་ཁྲིམས་འཛིན་བྱེད་པའི་དམིགས་འབེན་ལག་ལེན་བསྟར།

ལོ་འདིར་ང་ཚོས་བསྒྱུར་བཅོས་ཟབ་སྤེལ་བྱས་ཏེ་ཁྲིམས་འཛིན་སྤྱིའི་ཡིད་རྟོན་ཆུ་ཚད་གོང་མཐོར་བཏང་།

ལོ་འདིར་ང་ཚོས་ཁྲིམས་ཁང་ནན་སྐྱོང་བྱས་ཏེ་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྲུན་ཇེ་དྲག་ཏུ་བཏང་།

ལོ་གསར་གྱི་ཅོང་སྒྲ་གྲགས་གྲབས་ཡོད་ཅིང་།ལོ་གསར་གྱི་སྨོན་འདུན་གྱིས་སྐྱ་རེངས་བསུ།

ལོ་གསར་པར་རྒྱང་ལྟ་བྱས་ན་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ།པདྨ་རྫོང་མི་དམངས་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྲིམས་བསྟར་གྱོད་སྒྲུབ་ཀྱི་ལས་འགན་ཨང་དང་པོར་བཟུང་སྟེ།ལས་དོན་ཁག་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་།དངོས་གནས་དྲང་གནས་ཀྱི་ཁྲིམས་འཛིན་གྲུབ་འབྲས་ལ་བརྟེན་ནས་པདྨ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་འཕེལ་བར་སྔར་ལས་སྤུས་ཀ་བཟང་ཞིང་ཕན་ནུས་ཆེ་བའི་ཁྲིམས་འཛིན་ཞབས་ཞུ་དང་འགན་སྲུང་མཁོ་འདོན་བྱ་ངེས།

པདྨ་རྫོང་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི།ཡོན་ཀྲང་

གསར་བདེ་ནས།

སྤྱི་ལོ༢༠༢༠ལོའི་ཟླ༡༢པའི་ཚེས༣༡ཉིན།

岁月嬗递,站在新的时间起点上,班玛县人民法院党组及全体干警衷心祝愿大家在新的一年里,身体健康、万事如意!

2020年,是极不平凡的一年。这一年班玛法院全体干警高举中国特色社会主义旗帜,坚定不移走法治道路,始终坚持党对法院工作的绝对领导,团结拼搏、攻坚克难,在责任中坚守,在坚守中创新,不忘初心、牢记使命,锐意进取、履职尽职、砥砺前行。全年案件结案率为100%,依法有力保护牧民群众合法权益,各项工作呈现不少亮点。

这一年,我们众志成城,抗击新冠肺炎疫情;

这一年,我们忠实履职,守护社会公平正义;

这一年,我们坚守初心,践行司法为民宗旨;

这一年,我们深化改革,提升司法公信水平;

这一年,我们从严治院,强化法院队伍建设。

新年的钟声即将敲响,新年的祝福迎着曙光。

展望新岁,任务依然艰巨。班玛县人民法院将坚持以习近平新时代中国特色社会主义思想为指导,狠抓执法办案第一要务,全面推进各项工作再上新台阶,以实实在在的司法业绩,为班玛县经济社会高质量发展提供更加优质高效的司法服务和保障!

班玛县人民法院党组书记、院长

沙德

2020年12月31日

—END—

审 核|朋毛东知

翻 译|桑 杰 加

文 编|王 艳 志

原标题:《པདྨ་རྫོང་ཁྲིམས་ཁང་གི་གནམ་ལོ་གསར་ཚེས་ཀྱི་ཤིས་ཚིག班玛县人民法院元旦献词》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈