澎湃Logo
下载客户端

登录

  • +1

致广大藏传佛教教职人员、信教群众的倡议书(藏汉双语)

2021-02-07 11:21
来源:澎湃新闻·澎湃号·政务
字号

来源:西藏日报

本文字数829,阅读大概需要4分钟。

关于做好新冠肺炎疫情防控工作的

倡议书

广大藏传佛教教职人员,信教群众:

新冠肺炎疫情发生以来,在以习近平同志为核心的党中央亲切关怀下,在区市党委、政府的坚强领导下,拉萨藏传佛教界与全市人民一道,积极响应区市党委、政府号召,众志成城,攻克时艰,构筑起疫情防控的坚固防线,取得了阶段性的重大胜利。实践证明,去年我们率先果断实施的“三个暂停”是非常及时、有效的,为全市疫情防控大局作出了重要贡献。当前,很多邻国疫情失控、蔓延,国内本土疫情呈零星散发和局部聚集性疫情交织叠加,加之,春节、藏历新年将至,我市各类有信众参与的惯例性宗教活动相对集中,疫情防控形势依然严峻复杂、不容忽视。

鉴于大型宗教活动参与信教群众多、跨区域流动性强、持续时间长、且属于大型聚集活动,疫情交叉感染及传播的风险极大的实际,我们本着“生命至上”的理念,倡议:

(一)暂停举办色拉寺“崩杰”、楚布寺“嘎钦古朵”、大昭寺“新年朝拜”、小昭寺“新年朝拜”、哲蚌寺“乃琼拉苏”、林周县夏寺“初建纪念日”、林周县热振寺“恰达曲巴”、林周县斯林寺“立经幡”、甘丹寺“达孜仲曲”、空港新区那若达布扎仓“久阿曲巴”等我市2021年第一季度藏传佛教传统惯例性大型宗教活动。

(二)广大藏传佛教教职人员要就地潜心修行、钻研经典、精进学修,少出门、不聚集、守初心、存正念。提倡勤奋诵经祈福,祈祷逝者往生极乐、病者早日康复、众生远离疾病,祈愿国土安宁、祛灾灭灾。

(三)广大信教群众本着“利他利己”的态度,进一步提高自我防护意识,做到勤洗手、善防护、常消毒、保健康和少聚集、少流动、就地过年。入寺朝佛要做到戴口罩、扫健康码、测体温、保间距。

最后,祈愿疫情早日平息,众生健康安乐!

祝愿全市各族人民春节、藏历新年快乐、健康长寿、阖家幸福、扎西德勒!

倡议者:哲蚌寺、色拉寺、甘丹寺、楚布寺、大昭寺、小昭寺、热振寺、夏寺、斯林寺、那若达布扎仓等

拉萨市佛教协会

2021年2月5日

ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གྲོས་འདོན་ཡི་གེ

རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་མི་སྣ་དང་། དད་ལྡན་མང་ཚོགས་རྣམས་ལ།

ཏོག་གསར་གློ་ཚད་ནད་རིམས་ཐོན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་སྲིད་གཞུང་གི་སྲ་བརྟན་འགོ་ཁྲིད་འོག ལྷ་ས་གྲོང་ཁྱེར་གྱི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ལས་རིགས་ནས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་དང་ལྷན་དུ། ལྗོངས་དང་གྲོང་ཁྱེར་སྲིད་གཞུང་གི་འབོད་སྐུལ་ལྟར། བློ་སེམས་གཅིག་མཐུན་དང་། དཀའ་སྤྱད་འབད་ཐབས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཁག་སྲ་ཞིང་བརྟན་པའི་སྒོ་ནས་སྤེལ་བར་བརྟེན། དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། དོན་དངོས་ཀྱིས་ར་སྤྲོད་བྱས་པ་ལྟར་ན། ན་ནིང་ང་ཚོས་ཨང་དང་པོར་གནས་སྐབས་མཚམས་འཇོག་གསུམ་གྱི་བྱ་ཐབས་སྤེལ་བ་ནི་ཧ་ཅང་དུས་ཐོག་དང་། ནུས་ལྡན་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། ཁྱིམ་མཚེས་རྒྱལ་ཁབ་མང་པོར་རིམས་ནད་ཚོད་འཛིན་མི་ཐུབ་པ་དང་། རྒྱ་ཁྱབ་ཏུ་འགོས་ཀྱི་ཡོད་ལ། རྒྱལ་ནང་དུ་རིམས་ནད་ཐར་ཐོར་ཐོན་པའི་ཁར་ས་ཁུལ་འགའ་ཞིག་ལ་གཅིག་སྡུད་བྱས་པ་བསྣོལ་མར་ཡོད་པ། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་ཉེའི་སྐབས་སུ། རང་གྲོང་ཁྱེར་གྱི་དད་ལྡན་མང་ཚོགས་འདུ་འཛོམས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་གཅིག་སྡུད་ཆེ་བས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་སྔར་བཞིན་ཛ་དྲག་ལྡན་པས་ཧོལ་རྒྱུགས་གཏན་ནས་བྱ་མི་རུང་།

ཆོས་ལུགས་བྱེད་སྒོ་ཆེ་མོར་ཞུགས་མཁན་གྱི་དད་ལྡན་མང་ཚོགས་མང་བ། ས་གནས་བརྒལ་བའི་འགྲུལ་བཞུད་ཆེ་བ། དུས་ཡུན་རིང་བ། དེ་བས་གཅིག་སྡུད་འདུ་འཛོམས་ཆེ་བའི་བྱེད་སྒོའི་ཁོངས་སུ་གཏོགས་པས་རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཧ་ཅང་ཆེ་བའི་དོན་དངོས་ལ་གཞིགས་ནས། ང་ཚོས་ཚེ་སྲོག་གོང་དུ་བཀུར་བའི་འདུན་པ་གཅིག་ཏུ་བཅངས་ནས་གྲོས་འགོ་འདོན་རྒྱུར།

གཅིག རང་གྲོང་ཁྱེར་གྱི་2021ལོའི་དུས་ཚིགས་དང་པོའི་རིང་གི་སེ་ར་ཕུར་མཇལ་དང་། མཚུར་ཕུ་སྒར་ཆེན་དགུ་གཏོར། གཙུག་ལག་ཁང་དང་ར་མོ་ཆེའི་ལོ་གསར་ཚེས་གཅིག་མཆོད་མཇལ། འབྲས་སྤུངས་གནས་ཆུང་ལྷ་གསོལ། ལྷུན་གྲུབ་རྫོང་གི་ཤར་འབུམ་པའི་བཅོ་ལྔའི་དུས་ཆེན་དང་། རྭ་སྒྲེང་བྱ་ཟླ་མཆོད་པ། སེང་གླིང་དར་ཆེན་སྐུ་བཞེངས། དགའ་ལྡན་སྟག་རྩེ་སྒྲུབ་མཆོད། མཁའ་འགྲུལ་ཁུལ་གསར་གྱི་རྣམ་རབ་དྭགས་པོ་གྲྭ་ཚང་གི་བཅོ་ལྔ་མཆོད་པ་བཅས་བོད་བརྒྱུད་ནང་བསྟན་གྱི་རྒྱུན་གཏན་རང་བཞིན་གྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཁག་གནས་སྐབས་རིང་མཚམས་འཇོག་བྱ་རྒྱུ་ཡིན།

གཉིས། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བྱེད་མི་སྣས་ཐོས་བསམ་སྒོམ་གསུམ་དང་། སྤོང་ཀློག་གི་བྱ་བར་ནན་ཏན་གྱིས་བརྩོན་ཏེ། ཕྱི་ལ་མི་ཐོན་པ་དང་། འདུ་འཛོམས་མི་བྱེད་པ། བསླབ་སྡོམ་སྲུང་བ། དགེ་ལ་གཞོལ་བ། རིམས་ནད་ཀྱིས་རྐྱེན་པས་ཚེ་འདས་དག་ཞིང་དུ་འཕོ་བ་དང་། ནད་པ་བདེ་བར་སོས་པ། འགྲོ་ཀུན་ནད་དང་བྲལ་བ། རྒྱལ་ཁམས་བདེ་ཞིང་སྐྱིད་ལ་ནད་དང་མུ་གེ་མི་ཡོང་བའི་ཆེད་དུ་བསྔོ་སྨོན་གང་ལེགས་གནང་བར་ཞུ།

གསུམ། རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་རང་གཞན་གཉིས་ཕན་གྱི་རྣམ་འགྱུར་ཡང་དག་འཛིན་ནས། རང་སྲུང་སྔོན་འགོག་གི་འདུ་ཤེས་གོང་མཐོར་བཏང་སྟེ། ལག་པ་ཡང་སེ་བཀྲུ་བ་དང་། སྔོན་འགོག་བྱེད་པར་མོས་པ། དུག་སེལ་ཡང་ཡང་བྱེད་པ། འདུ་འཛོམས་དང་འགྲོ་འོང་ཉུང་དུ་བཏང་སྟེ་བདེ་ཞིང་ཐང་བའི་སྒོ་ནས་རང་གནས་སུ་ལོ་གསར་གཏོང་བར་ཞུ། དགོན་པར་མཆོད་མཇལ་ལ་ཕེབས་དུས་རང་འགུལ་ངང་ཁ་རས་བསྐྱོན་པ་དང་། བདེ་ཐང་ཨང་རྟགས་བཤེར་བ། ལུས་པོའི་དྲོད་ཚད་བལྟ་བ། བར་ཐག་སྲུང་བ་བཅས་བྱ་དགོས།

མཇུག་ཏུ། ང་ཚོས་རིམས་ནད་མྱུར་དུ་གྲོལ་བ་དང་། རིག་དྲུག་སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་དཔྱིད་གསར་དུས་ཆེན་དང་། བོད་ཀྱི་ལོ་གསར་དགའ་སྤྲོ་དང་། ཚེ་རིང་ནད་མེད། བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཡོང་རྒྱུར་ཡང་ནས་ཡང་དུ་སྨོན་ལམ་ཞུ།

གྲོས་འདོན་པ། འབྲས་སྤུངས་དགོན་དང་། སེ་ར་དགོན། དགའ་ལྡན་དགོན། མཚུར་ཕུ་དགོན། གཙུག་ལག་ཁང་། ར་མོ་ཆེ། རྭ་སྒྲེང་དགོན། ཤར་འབུམ་པ། སེང་གླིང་དགོན། རྣམ་རབ་དྭགས་པོ་གྲྭ་ཚང་བཅས།

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།

སྤྱི་ལོ་2021ལོའི་ཟླ་2ཚེས་5ཉིན།

主编:赵江丰

原标题:《致广大藏传佛教教职人员、信教群众的倡议书(藏汉双语)》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈