澎湃Logo
下载客户端

登录

  • +1

兴海县公安局关于向社会公布顽瘴痼疾专项整治重点内容的通告【藏汉双语】

2021-04-15 20:23
来源:澎湃新闻·澎湃号·政务
字号

བྲག་དཀར་རྫོང་སྤྱི་བདེ་ཅུས་

བཅོས་དཀའ་བའི་གཅོང་ནད་ཆེད་དོན་དག་ཐེར་གྱི་

ནང་དོན་གཙོ་བོ་སྤྱི་ཚོགས་སྟེང་ཁྱབ་སྒྲོག་བྱེད་པའི་སྐོར་གྱི་བརྡ་ཁྱབ།

དོན་དངོས་སྟེང་བྲག་དཀར་སྤྱི་བདེ་དཔུང་ཁག་ཁྲོད་གནས་པའི་བཅོས་དཀའི་གཅོང་ནད་ཆེད་དོན་དག་ཐེར་བྱས་ནས། རྫོང་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཆབ་སྲིད་སྐྱེ་ཁམས་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། སྒྲིག་ལམ་སྤྱོད་ཚུལ་སྔར་ལས་ཇེ་ལེགས་སུ་གཏོང་བ། རྒྱུ་སྤུས་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཁྲིམས་བསྟར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་མཐོ་རུ་འདེགས་ཆེད། ད་ལྟ་བྲག་དཀར་སྤྱི་བདེ་དཔུང་ཁག་སློབ་གསོ་དག་ཐེར་བཅོས་དཀའ་བའི་གཅོང་ནད་ཆེད་དོན་དག་ཐེར་གྱི་ནང་དོན་བརྡ་ཁྱབ་བཏང་བ་གཤམ་གསལ།

གཅིག ཞུ་གཏུག་ཐེར་འདོན་གྱི་རྩ་དོན།

ཐེར་འདོན་བྱེད་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་སྟེ། ཡང་དག་གིས་གནད་དོན་ཡར་ཞུ་བྱེད་དགོས་ལ། ཐེར་འདོན་བརྒྱུད་དེ་དོན་དངོས་རྫུན་བཟོ་དང་། སྙོན་འཛུགས་ཞུ་གཏུག་དང་མ་ཉེས་ཁག་གཡོགས་བྱས་ན། འོས་བབ་ཀྱི་ཁྲིམས་ལུགས་འགན་འཁྲི་འཁུར་དགོས།

གཉིས། ཞུ་གཏུག་ཐེར་འདོན་གྱི་ནང་དོན།

༡ ཁྲིམས་འཛིན་གྱི"གཏན་ཁེལ་གསུམ"ལ་ཐེ་གཏོགས་བྱེད་པ་སྔོན་འགོག་བྱེད་པར་འགལ་བའི་གནད་དོན། དེ་ནི《མགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བྱེད་པ། བྱེ་བྲག་གི་གྱོད་དོན་ཐག་གཅོད་ཀྱི་ཟིན་བྲིས་ལ་ཐེ་ཇུས་བྱེད་པ། བརྡ་ཁྱབ་སྤེལ་ཏེ་འགན་འཁྲི་རྩད་གཅོད་བྱེད་པའི་གཏན་ཁེལ།》 《ཁྲིམས་འཛིན་ལས་ཁུངས་ནང་ཁུལ་གྱི་མི་སྣས་གྱོད་དོན་ལ་འདྲི་རྩད་ཀྱི་ཟིན་བྲིས་དང་འགན་འཁྲི་རྩད་གཅོད་བྱེད་པའི་གཏན་ཁེལ། 》《གོམ་གང་མདུན་སྤོས་ཀྱིས་ཁྲིམས་བསྟར་མི་སྣ་དང་དོ་བདག་པ། ཁྲིམས་རྩོད་པ། དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མི་སྣ། མཚམས་སྦྱོར་རྩ་འཛུགས་སོགས་ཀྱི་འབྲེལ་འདྲིས་ཚད་ལྡན་དུ་གཏོང་བའི་གཏན་ཁེལ་འགའ།》

༢ སྒྲིག་འགལ་གྱིས་ཚོང་གཉེར་ཁེ་ལས་སྒྲུབ་པ་དང་བཟའ་ཟླ། བུ་བུ་མོ་དང་དེའི་བཟའ་ཟླས་སྒྲིག་འགལ་གྱིས་བདག་གཉེར་བྱ་འགུལ་སྤེལ་པ། སྒྲིག་འགལ་གྱིས་མ་རྐང་ནང་ཞུགས་ཏེ་དངུལ་བསྐྱི་བའི་གནད་དོན།

༣ སྒྲིག་འགལ་གྱིས་དཔལ་འབྱོར་ལ་ཐེ་གཏོགས་བྱེད་པའི་གནད་དོན།

༤ ཁྲིམས་འགལ་སྒྲིག་འགལ་གྱིས་ཁྲིམས་ཆད་བཅའ་ཡང་དུ་གཏོང་བ། ཚོད་བགམ་གློད་འགྲོལ་གཏོང་བ། སྐབས་ཐོག་ཏུ་བཙོན་ཁང་ཕྱི་ལ་ཁྲིམས་ཆད་ལག་ལེན་བསྟར་བའི་གནད་དོན།

༥ གྱོད་དོན་ཡོད་ཀྱང་ཐོ་འགོད་མི་བྱེད་པ། གྱོད་དོན་ཉར་གསོག་བྱས་ནས་ཞིབ་བཤེར་མི་བྱེད་པ། ཉེས་པ་ཡོད་ཀྱང་རྩད་གཅོད་མི་བྱེད་པའི་གནད་དོན།

༦ མེ་མདའ་དང་། རླངས་འཁོར། ཆང་། དུ་ནག རྒྱན་སྐུག་པ། གསང་བ། དྲ་བ་སོགས་ཐད་ཀྱི་གནད་དོན་གཅིག་བསྡུས་ཀྱིས་དག་ཐེར་བྱེད་པ།

༧ གྱོད་དོན་དང་འབྲེལ་བའི་རྒྱུ་ནོར་དོ་དམ་དང་། ཐག་གཅོད། རྩིས་སྤྲོད་བྱེད་པ་ཚད་ལྡན་མིན་པ། ཁྲིམས་བསྟར་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་པ།

༨ ཉེན་རྟོག་པའི་སྒྲིག་ལམ་སྤྱོད་ཚུལ་གཟབ་ནན་མིན་པ། ཉེན་རྟོག་པའི་གཟི་ལྡན་གྱི་བསམ་པ་མི་དྲག་པ། ཉེན་རྟོག་དཔུང་ཁག་གི་སྣང་བརྙན་ཉམས་སད་ཐེག་མི་ཐུབ་པ་སོགས་ཀྱི་གནད་དོན།

གསུམ། ཞུ་གཏུག་ཐེར་འདོན་བྱེད་སྟངས།

(དང་པོ།)ཁ་པར་གྱི་ཐེར་འདོན:

༡ སྤྱི་བདེ་པུའུ་ཡི་ཐེར་འདོན་ཁ་པར། 123892。

༢ ཞིང་ཨུ་སྲིད་ཁྲིམས་ཨུའི་མཚོ་ལྷོ་ཁུལ་དུ་སྡོད་པའི་མཛུབ་སྟོན་ཚན་ཁག་གི་ཐེར་འདོན་ཁ་པར། 0974-8512223。

༣ མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་དཔུང་ཁག་སློབ་གསོ་དག་ཐེར་ཐེར་འདོན་ཁ་པར། 0974-8527378。

༤ བྲག་དཀར་རྫོང་སྤྱི་བདེ་ཅུས་དཔུང་ཁག་སློབ་གསོ་དག་ཐེར་ཐེར་འདོན་ཁ་པར། 0974-8587911。

(གཉིས་པ།)དྲ་ཐོག་གི་ཐེར་འདོན།

༡ "བྲག་དཀར་སྤྱི་བདེའི"འཕྲིན་ཕྲན་མི་ཚོགས་ཨང་རྟགས་སྟེང་སྒེར་འབྲེལ་བྱེད་པའམ་ལན་བཞག་སྟེ་ཐེར་འདོན་བྱེད་པ།

༢ "ཉི་ཟེར་ཉེན་དོན"སྟེགས་བུར་དོ་སྣང་བྱས་ཏེ། ཐད་ཀར་དུ་གནས་ཚུལ་ཕྱིར་འདྲེན་བྱེད་པ།

༣ ཞིང་ཨུའི་སྲིད་ཁྲིམས་ཨུའི་མཚོ་ལྷོ་ཁུལ་དུ་སྡོད་པའི་ཐེར་འདོན་ཡིག་ཟམ། hnzfjyzd@163.com

༤ བྲག་དཀར་རྫོང་སྤྱི་བདེ་ཅུས་ཐེར་འདོན་ཡིག་ཟམ"1370974802@qq.com。。>

(གསུམ་པ།)ཡིག་སྒམ་སྟེང་ཐེར་འདོན་བྱེད་པ།

བྲག་དཀར་རྫོང་སྤྱི་བདེ་ཅུས་ཐོག་ཁང་། ཉེས་དོན་ཉེན་རྟོག་རུ་ཆེན་གྱི་ཐོག་ཁང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཐོག་ཁང་། ལྟ་ཞིབ་དོ་དམ་རུ་ཆེན་དང་མངག་གཏོང་ཁང་སོ་སོའི་མངའ་ཁོངས་ནང་ཐེར་འདོན་ཡིག་སྒམ་བཙུགས་ཡོད།

(བཞི་པ།) ཡིག་སྐུར་ངོ་གཏུག་གིས་ཐེར་འདོན་བྱེད་པ། བྲག་དཀར་རྫོང་སྤྱི་བདེ་ཅུས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་ཁུངས་སྣེ་ཞིབ་བཤེར་ཚན་ཁག(བྲག་དཀར་རྫོང་སྤྱི་བདེ་ཅུས་ལྟ་སྲུང་ཁང་གི་བདེ་སྲུང་རུ་ཆེན།)

(ལྔ་པ།)བདག་སྤྲོད་ཀྱི་དུས་ཚོད་ནི་ཁྲིམས་འཁེལ་གྱི་ལས་སྒྲུབ་ཉིན་མོ་ཡིན།

སྔ་དྲོ:8:30-12:00 ཕྱི་དྲོ::14:30-18:00

兴海县公安局

关于向社会公布顽瘴痼疾专项整治重点内容的通告

为切实整治兴海公安队伍存在的顽瘴痼疾问题,使全县公安机关政治生态进一步优化、纪律作风进一步好转、素质能力进一步增强、执法公信力不断提升,现将兴海公安队伍教育整顿顽瘴痼疾整治内容公告如下:

一、投诉举报原则

举报人应本着实事求是的原则,如实反映问题,对利用举报捏造事实、诬告陷害的,将承担相应的法律责任。

二、投诉举报的内容。

1、违反防止干预司法“三个规定”问题,即《领导干部干预司法活动、插手具体案件处理的记录、通报和责任追究的规定》;《司法机关内部人员过问案件的记录和责任追究规定》;《关于进一步规范司法人员与当事人、律师、特殊关系人、中介组织接触交往的若干规定》;

2、违规经商办企业和配偶、子女及其配偶违规从事经营活动、违规参股借贷问题;

3、违规插手、干预经济问题;

4、违规违法减刑、假释、暂予监外执行问题;

5、有案不立、压案不查、有罪不究问题;

6、集中整治在枪、车、酒、毒、赌、密、网等方面的问题;

7、涉案财物管理、处置、移交不规范,影响执法公信力的问题;

8、警容风纪不严整、警察荣誉感不强烈、警队形象不过硬等问题。

三、投诉举报方式:

(一)电话举报:

1.公安部举报电话:123892。

2.省委政法委驻海南州指导组举报电话0974-8512223。

3.海南州公安局队伍教育整顿举报电话0974-8527378。

4.兴海县公安局队伍教育整顿举报电话0974-8587911。

(二)网上举报:

1.关注“兴海公安”微信公众号私信或留言举报;

2.关注“阳光警务”平台,直接反馈;

3.省委政法委驻海南州指导组举报信箱hnzfjyzd@163.com;4.兴海县公安局举报邮箱:1370974802@qq.com。

(三)信箱举报:

兴海县公安局楼,刑警大队楼、交警大队、监管大队及各派出所辖区内都设立了举报箱。

(四)来信来访举报:兴海县公安局队伍教育整顿领导小组办公室线索核查组(兴海县公安局看守所内治安大队)

(五)受理时间法定工作日:

早上:8:30-12:00 ;下午:14:30-18:00

兴海县公安局队伍教育整顿

领导小组办公室

2021年4月13日

审核丨扎保

校对丨马生科、季永桂

原标题:《兴海县公安局关于向社会公布顽瘴痼疾专项整治重点内容的通告【藏汉双语】》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈