澎湃Logo
下载客户端

登录

  • +1

兴海公安召开“网红”约谈会ཐད་གཏོང་བྱེད་མཁན་དག་ལ་སློབ་གསོའི་ཐ་ཚ…

2020-01-16 17:36
来源:澎湃新闻·澎湃号·政务
字号

兴海公安召开“网红”约谈会

2020年1月15日,在兴海县公安局二楼会议室,兴海县公安局联合宣传部、政法委、统战部、文化局等部门,根据《中华人民共和国网络安全法》、《互联网信息服务管理办法》、《即时通信工具公众信息服务发展管理暂行规定》等法律法规相关规定,依法对“念德东”、“李嘉猪猪侠”、“兴海旦巴E28999”等网红进行约谈。

“网红”在人人自媒体的今天,相对于普通人有着更多的话语权和影响力。一言一行对整个社会价值取向的影响举足轻重。但近年来,这一群体,种种负面新闻屡屡见诸报端,不时挑战着社会的道德底线。

约谈中,副县长扎西拉旦指出三人行为存在的不当之处,并责令其整改,认真履行自己的义务。参与约谈的网红直播人员接受学习教育后均表示,遵守法律法规,文明理性直播,共同打造一个文明和谐的网络空间。

兴海公安警示

今天约谈的三名对象,必须端正态度、提高认识、迅速落实约谈的要求,确保不踩红线不越底线。否则,将依法启动相关执法程序,直至关闭直播账号。情节严重触犯法律的,将依法追究法律责任。希望要举一反三,引以为戒,严格遵守从事互联网信息服务的“九不准”和“七条底线”等规定要求,以严格的法律红线和良好的道德底线自我约束。我局将严格履行监督责任,共同营造风清气正、天朗气清的网络空间。

གཉན་དུག་སྡོང་སོགས་ཁྲིམས་འགལ་གྱིས་ཐད་གཏོང་བྱེད་མཁན་དག་ལ་སློབ་གསོའི་ཐ་ཚིག་བསྒྲགས་འདུག

ཁྱོན་ཡོངས་ནས་དག་གཙང་དྲི་མེད་ཀྱི་དྲ་བའི་ཁོར་ཡུག་འཛུགས་སྐྲུན་དང་དེའི་ལྟ་རྟོག་དོ་དམ་གྱི་ལས་འགན་ནན་གྱིས་བསྒྲུབ་ཆེད། སྤྱི་ཟླ1པོའི་ཚེས15ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྫོང་དྲིལ་སྒྲོག་པུའུ། རྫོང་སྲིད་ཁྲིམས་ཨུ་སོགས་འབྲེལ་ཡོད་ལས་ཁུངས་དང་མཉམ་འབྲེལ་སྒོས། རྫོང་ཡོངས་ཀྱི་སྐད་འཕྲིན་དང་མགྱོགས་འཕྲིན་ཁྲོད་ཤུགས་རྐྱེན་ངན་པ་ཆེ་ཞིང་མདོ་མེད་ལུང་གཏམ་བཤད་མཁན་དང་། ཆགས་སྦྱོར་འཆལ་གཏམ་སྒྲོག་མཁན་གྱི་ཐད་གཏོང་བྱེད་མཁན་དག་ལ་སློབ་གསོའི་ཐ་ཚིག་བསྒྲགས་འདུག

འབྲེལ་ཡོད་སྡེ་ཁག་གི་འགན་ལེན་པས་བྲག་དཀར་རྫོང་གི་གཉན་དུག་སྡོང་དང་། འཕགས་པ་ཚེ་རིང་། ཀླུ་རྒྱལ་སོགས་ཐད་གཏོང་མཁན་དག་གིས་སྒྲིག་འགལ་གྱིས་རང་སྣང་གང་བྱུང་དང་གཤིས་ངན་ཁྱབ་སྤེལ། དོན་མེད་ཉོག་གཏམ་དང་ཁྲེལ་བྲལ་འུར་སློང་གི་བསམ་བློ་དང་དྲན་ཕྱོགས་མ་རུང་བ་ཁྲོམ་སྒྲོག་བྱེད་པའི་དོན་དངོས་ལ་དམིགས་ཏེ། ཁོ་ཚོར་སློབ་གསོ་བཏང་ཞིང་ཐ་ཚིག་བསྒྲགས་པར་མ་ཟད། མཉམ་འབྲེལ་དྲ་རྒྱའི་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་དོ་དམ་གཏན་འབེབས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས། མཉམ་འབྲེལ་དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས། མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་བའི་ཞབས་ཞུའི་དོ་དམ་གཏན་འབེབས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་དགོས་པའི་རེ་བ་བཏོན་ཞིང་། དྲ་རྒྱའི་ཞབས་ཞུ་བེད་སྤྱོད་གོ་རིམ་ཁྲོད་ཁྲིམས་མཐུན་སྤྱོད་བཟང་གཞིར་བྱས། བདེན་དགེ་མཛེས་གསུམ་གྱི་དྲ་བའི་རིག་གནས་དར་སྤེལ་བྱ་དགོས་པའི་རེ་བ་ནན་མོ་བཏོན་འདུག

དེ་མིན་གཉན་དུག་སྡོང་རབ་བྱུང་བ་ཞིག་ཡིན་པས་ཁོས་དེ་ལྟར་བྱས་ན་མི་འོས་པ་དང་། དེས་ཆོས་ལུགས་པའི་སྣང་བརྙན་དང་དགོན་པའི་མཚན་སྙན་ལ་གནོད་པ་ཐེབས་པའི་སྐྱོན་བརྗོད་བྱས་འདུག ཁོས་ཀྱང་མཐའ་མཇུག་གི་ཐད་གཏོང་བརྒྱུད་དེ་རང་སྐྱོན་ངོས་ལེན་དང་གསལ་བཤད་བྱས་རྗེས་རྗེས་ཕྱོགས་ནས་བཟུང་ཐད་གཏོང་མི་བྱེད་པའི་ཁས་ལེན་བྱས་འདུག

བྲག་དཀར་རྫོང་གི་རྫོང་དཔོན་གཞོན་པའམ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་རབ་བརྟན་གྱིས་ཐད་གཏོང་བྱེད་མཁན་རྣམས་ཀྱིས་རྗེས་ཕྱོགས་ཐད་གཏོང་བྱ་དུས་ཁྲིམས་བརྩི་ལུགས་བསྲུང་དང་། རྒྱལ་ཁབ་དང་སྤྱི་བའི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། དྲང་བོའི་སྲོལ་དང་མཐུན་པར་བྱས་ཏེ་རྒྱ་ཆེ་བའི་དྲ་དམངས་ཡོངས་ལ་དག་གཙང་དྲི་མེད་ཀྱི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན་དགོས་པར་གདམས་ཤིང་། གལ་ཏེ་ཐད་གཏོང་གི་སྐབས་སུ་ཁྲིམས་དང་འགལ་བའི་སྤྱོད་པ་སྤེལ་ཚེ་ཁྲིམས་ལྟར་ལག་བསྟར་བྱ་རྒྱུ་ཡིན་པར་མ་ཟད། གནས་ཚུལ་ཚབས་ཆེན་ཡིན་ན་ཁྲིམས་ཀྱི་འགན་འཁྲི་འགེལ་རྒྱུ་ཡིན་པ་དང་། ཐ་ན་ནག་འཇོམས་ངན་སེལ་གྱི་གྲས་སུ་བཞག་ནས་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས། རྫོང་སྤྱི་བདེ་ཅུས་སོགས་འབྲེལ་ཡོད་ལས་ཁུངས་ཀྱིས་ཐེངས་འདིར་སློབ་གསོ་གཏོང་ཡུལ་གྱི་ཐད་གཏོང་བ་གསུམ་པོར་མཉམ་འབྲེལ་དྲ་རྒྱའི་ཐད་གཏོང་ཞབས་ཞུའི་འགན་འཁྲིའི་གན་རྒྱའི་སྟེང་མིང་རྟགས་ཀྱང་བཀོད་དུ་བཅུག་འདུག

监制:秦建新

审核:贺兴华

编辑:王贵孝

投稿邮箱:xhxgaj@foxmail.com

来源:网安大队、兴海县阳光政务藏文

备注:若稿件存在问题,由投稿部门全权负责

关注兴海公安

共建和谐兴海

喜欢我,就给我一个“好看”

原标题:《兴海公安召开“网红”约谈会ཐད་གཏོང་བྱེད་མཁན་དག་ལ་སློབ་གསོའི་ཐ་ཚིག་བསྒྲཊ།》

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈