澎湃Logo
下载客户端

登录

  • +1

【藏文版】班玛法院:组织召开《民法典》培训会

2020-09-09 21:25
来源:澎湃新闻·澎湃号·政务
字号

民法典

པདྨ་ཁྲིམས་ཁང་གིས༼དམངས་དོན་ཁྲིམས་གཞུང༽གི་གསོ་སྦྱོང་ཚོགས་འདུ་འཚོགས།

མི་དམངས་འདུམ་འགྲིག་པས༼དམངས་དོན་ཁྲིམས་གཞུང༽ལ་གོ་བ་ལེན་ཚད་སྔར་བས་མཐོ་རུ་གཏོང་བ་དང་།བཅའ་ཁྲིམས་གསར་པ་སྤྱད་འཐུས་ཀྱི་ནུས་པ་ཟམ་མི་ཆད་པར་ཇེ་དྲག་ཏུ་གཏོང་བ།༼དམངས་དོན་ཁྲིམས་གཞུང༽གི་ནུས་ལྡན་ལག་བསྟར་ལ་འགན་ལེན་བྱ་བ།༼དམངས་དོན་ཁྲིམས་གཞུང༽གི་དབང་གྲགས་སྲུང་སྐྱོང་བྱ་བ།རྫོང་ཡོངས་ཀྱི་མི་དམངས་འདུམ་འགྲིག་པས༼དམངས་དོན་ཁྲིམས་གཞུང༽སྤྱད་དེ་འདུམ་འགྲིག་ལས་དོན་སྒྲུབ་ནུས་བཅས་མཐོ་རུ་གཏོང་ཆེད།ཟླ༩པའི་ཚེས༧ཉིན་པདྨ་ཁྲིམས་ཁང་གིས་རྫོང་ཡོངས་ཀྱི་མི་དམངས་འདུམ་འགྲིག་པ་སྒྲིག་འཛུགས་བྱས་ཏེ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང༽གསོ་སྦྱོང་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག པདྨ་རྫོང་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཡོན་ཀྲང་གཞོན་པ་རྣམ་རྒྱལ་གྱིས༼དམངས་དོན་ཁྲིམས་གཞུང༽རྩོམ་སྒྲིག་བྱས་པའི་དོན་སྙིང་གལ་ཆེན་དང༼དམངས་དོན་ཁྲིམས་གཞུང༽གཞི་རྩའི་རྩ་དོན་དང་།སྤྱིའི་བླང་བྱ།གཙོ་གནད་ནང་དོན་སོགས་ལ་དམིགས་ནས་གཏིང་ཟབ་ཅིང་གོ་བདེ་ལ་ཕྱོགས་ཡོངས་ནས་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་མ་ཟད།ཞིབ་ཕྲའི་གྱོད་དཔེ་བརྒྱུད་བཅའ་ཁྲིམས་ཀྱི་གཏན་འབེབས་གསར་པ་དང་དེ་བཞིན་འབྲེལ་ཡོད་དོན་ཚན་ལ་དམིགས་སའི་རང་བཞིན་གྱི་འགྲེལ་བཤད་བརྒྱབ་ཏེ།དམངས་དོན་ཁྲིམས་གཞུང་གི་གལ་ཆེའི་རང་བཞིན་དང་དངོས་སྤྱོད་རང་བཞིན་ལ་དབྱེ་ཞིབ་བྱས་ནས་མི་དམངས་འདུམ་འགྲིག་པས་དམངས་དོན་ཁྲིམས་གཞུང་གི་རྒྱབ་ལྗོངས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་ལ་གོ་བ་ཡང་དག་ལེན་ཐུབ་པ་བྱས་ཡོད།ཁོང་གིས་བསྟན་དོན།༼དམངས་དོན་ཁྲིམས་གཞུང༽སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད།༼དམངས་དོན་ཁྲིམས་གཞུང༽གི་ཀྲུང་གོའི་ཁྱད་ཆོས་དང་།ལག་ལེན་གྱི་ཁྱད་ཆོས།དུས་རབས་ཀྱི་ཁྱད་ཆོས་བཅས་ལ་ངོས་འཛིན་གང་ལེགས་དང་མཚོན་པར་བྱས་ནས་མི་དམངས་འདུམ་འགྲིག་གི་ཆུ་ཚད་དང་ལས་ཆོད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས་ཤིང་།དངོས་སྒྲུབ་ནུས་ལྡན་གྱི་སློབ་སྦྱོང་དང་ལག་ལེན་སྔར་ལས་མང་བ་བྱས་པ་བརྒྱུད།མི་དམངས་ལྟེ་བར་འཛིན་པ་དང་མི་དམངས་ཀྱི་ཁེ་དབང་འགན་སྲུང་བྱེད་པའི༼དམངས་དོན་ཁྲིམས་གཞུང༽མི་དམངས་འདུམ་འགྲིག་བྱ་བའི་ཁྲོད་དོན་འཁྱོལ་བྱས་ནས༼དམངས་དོན་ཁྲིམས་གཞུང༽གི་ལག་བསྟར་ལ་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས།དེ་དང་ཆབས་ཅིག༼དམངས་དོན་ཁྲིམས་གཞུང་དང་འཚོ་བ་མཉམ་སྐྱོད༽ཅེས་པའི་དྲིལ་བསྒྲགས་དེབ་ཀྱི་ནང་དོན་ལ་དམིགས་ནས་འདྲ་མཉམ་དང་།ཡིད་རྟོན།ཁྲིམས་སྲུང་།སྤྱི་སྒྲིག་སྲོལ་བཟང་།ལྗང་མདོག་སོགས་གཞི་རྩའི་རྩ་དོན་དང་གཙོ་གནད་སྲོལ་ཡིག་ལ་ཕྱོགས་ཡོངས་དང་རིམ་པ་མང་བའི་འགྲེལ་བཤད་བརྒྱབ།

ད་ཐེངས་ཀྱི་གསོ་སྦྱོང་ཚོགས་འདུའི་ནང་དོན་ཕུན་སུམ་ཚོགས་པ་དང་།འགྲེལ་བཤད་གནད་དུ་འཁེལ་བ།འཚམ་སྦྱར་སྤྱད་འཐུས་བཅས་ལྡན་ཞིང་།རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཡོད་ལ་གསོན་ཉམས་ལྡན་པའི་གྱོད་དཔེ་ཡང་ཡོད་པས།མི་དམངས་འདུམ་འགྲིག་པས༼དམངས་དོན་ཁྲིམས་གཞུང༽བཀོལ་ནས་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་།འགལ་བ་དང་རྩོད་གཞི་འདུམ་པ།སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་ནུས་ལྡན་གྱིས་མཐོ་རུ་བཏང་ཡོད།

原标题:《【藏文版】班玛法院:组织召开《民法典》培训会》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2024 上海东方报业有限公司

            反馈