• +1

【藏汉双文版】民法典--孩子抚养权规定

2021-04-18 23:56
来源:澎湃新闻·澎湃号·政务
字号

民法典--孩子抚养权

1.འོ་དུས་ནང་གི་ཕྲུ་གུ།

རང་ལོ་ཧྲིལ་པོ་གཉིས་མ་ལོན་པའི་བུ་ཕྲུག་རྣམས་མ་ཡིས་ཐད་ཀར་གསོ་སྐྱོང་བྱེད་དགོས་པ་ནི་རྩ་དོན་ཡིན། འོན་ཀྱང་མ་ལ་གཤམ་གསལ་གནས་ཚུལ་ལས་སྣེ་གཅིག་ཡོད་རིགས། ཕ་དང་ལྷན་དུ་འཚོ་བ་སྐྱེལ་ནའང་འཐུས།

(1)མ་ལ་བཅོས་སུ་མེད་པའི་འགོས་ནད་དམ་ན་ཚ་ཚབས་ཆེན་གཞན་དག་ཕོག་ཡོད་ཚེ། བུ་ཕྲུག་རྣམས་དེ་དང་འཚོ་བ་མཉམ་སྐྱེལ་བྱ་མི་འོས།

(2)མ་ལ་གསོ་སྐྱོང་གི་ཆ་རྐྱེན་ཡོད་ཀྱང་དེས་གསོ་སྐྱོང་གི་འོས་འགན་མི་འཁུར་ཞིང་། ཕ་ཡིས་བུ་ཕྲུག་རང་དང་འཚོ་བ་མཉམ་དུ་སྐྱེལ་དགོས་པའི་རེ་འདུན་བཅངས་རིགས།

(3)རྒྱུ་མཚན་གཞན་དག་གི་དབང་གིས་བུ་ཕྲུག་མ་དང་མཉམ་དུ་འཚོ་བ་སྐྱེལ་མི་འོས་རིགས་ཏེ། དཔེར་ན། མ་ཡི་དཔལ་འབྱོར་ནུས་པ་དང་འཚོ་བའི་ཁོར་ཡུག་གིས་བུ་ཕྲུག་གསོ་སྐྱོང་བྱེད་པར་གནོད་ངེས་གཏན་ཡིན་རིགས་དང་། ཡང་ན་མ་ཡི་ཚུལ་མིན་སྤྱོད་ངན་གྱིས་བུ་ཕྲུག་གསོ་སྐྱོང་བྱེད་པར་གནོད་ངེས་རིགས། ཡང་ན་ཁྲིམས་འགལ་ཉེས་བསགས་དབང་གིས་ཁྲིམས་ཆད་འཁུར་བཞིན་ཡོད་སྟབས་བུ་ཕྲུག་གསོ་སྐྱོང་བྱེད་ཐབས་བྲལ་རིགས་སོགས།

1.哺乳期内的孩子

不满两周岁的子女以由母亲直接抚养为原则。但母亲有下列情形之一的,也可随父亲生活:

(1)母亲患有久治不愈的传染性疾病或其他严重疾病,子女不宜与其共同生活的;

(2)母亲有抚养条件不尽抚养义务,而父亲要求子女随其生活的;

(3)因其他原因,子女确不宜随母方生活的,如母亲的经济能力及生活环境对抚养子女明显不利的,或母亲的品行不端不利于子女成长的,或因违法犯罪被判服刑不可能抚养子女的等等。

2.རང་ལོ་ཧྲིལ་པོ་གཉིས་ཡན་གྱི་ནར་མ་སོན་པའི་ཕྲུ་གུ།

གྲོས་མོལ།---འདུམ་སྒྲིག ---ཐག་གཅོད།

《དམང་དོན་ཁྲིམས་གཞུང་》གཉེན་སྒྲིག་དང་ཁྱིམ་ཚང་གི་ལེའུའི་ཁྲིམས་འཛིན་འགྲེལ་བཤད་ (གཅིག)གི་དོན་ཚན་ཞེ་དྲུག་པ། རང་ལོ་ཧྲིལ་པོ་གཉིས་ཡན་གྱི་ནར་མ་སོན་པའི་ཕྲུ་གུར་ཕ་མ་ཀུན་ཀྱིས་ཐད་ཀར་གསོ་སྐྱོང་བྱེད་རྒྱུའི་རེ་འདུན་ཡོད་ཀྱང་། ཕྱོགས་གཅིག་ལ་གཤམ་གསལ་གནས་ཚུལ་སྣེ་གཅིག་ཡོད་རིགས། དེ་ཉིད་སྔོན་དུ་བསམ་གཞིགས་བྱ་འོས།

(1)སྐྱེ་སྒོ་བཀག་པའི་བཤགས་བཅོས་བྱས་པའམ་ཡང་ན་རྒྱུ་མཚན་གཞན་དག་དབང་གིས་སྐྱེ་ནུས་ཤོར་བ་དང་།

(2)བུ་ཕྲུག་རྣམས་དེ་དང་མཉམ་དུ་འཚོ་བ་སྐྱེལ་ཡུན་ཅུང་རིང་ཙམ་ཡིན་ཀྱང་འཚོ་བའི་ཁོར་ཡུག་འགྱུར་ནས་བུ་ཕྲུག་འཚར་ལོངས་འགྲོ་བར་གནོད་པ་མངོན་གསལ་ཡོད་པ།

(3)བུ་ཕྲུག་གཞན་དག་མེད་ཀྱང་། ཕྱོགས་གཞན་དེར་བུ་ཕྲུག་གཞན་དག་ཡོད་པ།

(4)བུ་ཕྲུག་རྣམས་དེ་དང་འཚོ་བ་མཉམ་སྐྱེལ་བྱས་ན་བུ་ཕྲུག་གི་འཚར་ལོངས་ལ་ཕན་ཐོགས་ཡོད་ཅིང་། ཕྱོགས་གཞན་དེར་བཅོས་སུ་མེད་པའི་འགོས་ནད་དམ་ན་ཚ་ཚབས་ཆེན་གཞན་དག་ཡོད་པ་དང་། ཡང་ན་བུ་ཕྲུག་གི་ལུས་སེམས་བདེ་ཐང་ལ་གནོད་ངེས་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་བུ་ཕྲུག་དང་འཚོ་བ་མཉམ་སྐྱེལ་བྱ་མི་འོས།

2.两周岁以上未成年的孩子

协议---调解 ---裁决。

根据《民法典》婚姻家庭编的司法解释(一)第四十六条,对已满两周岁的未成年子女,父母均要求直接抚养,一方有下列情形之一的,可予优先考虑:

(1)已做绝育手术或者因其他原因丧失生育能力;

(2)子女随其生活时间较长,改变生活环境对子女健康成长明显不利;

(3)无其他子女,而另一方有其他子女;

(4)子女随其生活,对子女成长有利,而另一方患有久治不愈的传染性疾病或者其他严重疾病,或者有其他不利于子女身心健康的情形,不宜与子女共同生活。

3.རང་ལོ་ཧྲིལ་པོ་བརྒྱད་ཟིན་རུང་ནར་མ་སོན་པའི་བུ་ཕྲུག

ཕྲུ་གུའི་འདོད་འདུན་ངོ་མར་བརྩི་འཇོག་བྱ་རྒྱུ།

3.八周岁但未成年的孩子

尊重孩子的真实意愿。

4.ལོགས་སུ་ཕའི་ཕ་མའམ་མའི་ཕ་མ་དང་ལོ་མང་འཚོ་བ་མཉམ་སྐྱེལ་བྱས་པའི་ཕྲུ་གུ།

ཆ་རྐྱེན་བཟང་རིགས་སྔོན་དུ་བསམ་གཞིགས་བྱ་རྒྱུ།

4.单独随祖父母或外祖父母共同生活多年的孩子

优先条件予以考虑。

5.ཕ་མ་ཁྲིམས་ཆད་འཁུར་བཞིན་པའི་ཕྲུ་གུ།

ཚབ་གསོ།---རང་ལོ་ཧྲིལ་པོ་བརྒྱད་ཡན་གྱི་ནར་མ་སོན་པའི་རིགས། ཕྲུ་གུ་དེའི་བསམ་འཆར་གསན་འཇོག་བྱ་རྒྱུ།

5.父母服刑的孩子

代养---八周岁以上的未成年人的,应当征求该子女的意见。

6.ཕ་ཡར་མ་ཡར་ཡོད་པའི་ཕྲུ་གུ།

ཕ་ངོ་མའམ་ཡང་ན་མ་ངོ་མ་ཡིས་གསོ་སྐྱོང་བྱ་རྒྱུ།

གལ་སྲིད་ཕ་ཡར་རམ་ཡང་ན་མ་ཡར་གྱིས་གསོ་རྟེན་ཆ་ཤས་སམ་ཆ་ཚང་འཁུར་འདོད་ཡོད་རིགས། དེ་ལྟར་བྱས་ནའང་འཐུས།

6.有继父母的孩子

由生父或者生母抚养。

如果继父或继母愿意负担子女一部分或全部抚养费的,应当允许

7.གསོ་ཉར་བྱས་པའི་ཕྲུ་གུ།

ཁྱོ་ཤུག་བཟའ་འཐོར་སོང་ནས་བུ་ཚབ་བོ་ཚབ་ཐད་ཀར་གསོ་སྐྱོང་མི་བྱེད་མཁན་ཕྱོགས་ཀྱིས་བུ་ཚབ་བོ་ཚབ་ཀྱི་གསོ་རྟེན་ངེས་པར་དུ་འཇལ་སྤྲོད་བྱེད་དགོས།

ཁྱོ་ཤུག་གང་རུང་ཞིག་གིས་ཕྲུ་གུ་གསོ་ཉར་བྱས་ཡོད་ཀྱང་ཕྱོགས་གཞན་དེས་གཏན་ནས་མོས་མཐུན་མེད་རིགས། བཟའ་འཐོར་བྱས་རྗེས་གསོ་ཉར་བྱེད་མཁན་ཕྱོགས་ཀྱིས་ཕྲུ་གུ་གསོ་སྐྱོང་བྱ་རྒྱུ།

7.收养的孩子

夫妻离婚,不直接抚养继子女的一方必须支付继子女的抚养费。

夫或妻一方收养的子女,对方始终反对的,离婚后,应由收养方抚养该子女。

8.ཕྲུ་གུ་གཉིས་ཡོད་ན་གསོ་ཉར་དབང་ཆ་ཇི་ལྟར་བྱེད་དགོས།

གྲོས་མོལ།--གཏུག་བཤེར།

8.有两个孩子抚养权怎么分配?

协商--诉讼

审 核|朋毛东知

来 源|拉姆说法

编 辑|卓 玛 措

原标题:《【藏汉双文版】民法典--孩子抚养权规定》

阅读原文

    本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。

    +1
    收藏
    我要举报
            查看更多

            扫码下载澎湃新闻客户端

            沪ICP备14003370号

            沪公网安备31010602000299号

            互联网新闻信息服务许可证:31120170006

            增值电信业务经营许可证:沪B2-2017116

            © 2014-2026 上海东方报业有限公司