- +1
【民族团结】应知应会知识藏汉(四)
应知应会知识(汉文版)
31.少数民族风俗习惯基本政策是什么?
答:尊重少数民族的风俗习惯,各民族都有保持或改革自己风俗习惯的自由。
32.尊重少数民族风俗习惯政策的基本内容是什么?
答:尊重少数民族的饮食习惯,尊重和照顾少数民族年节习俗,尊重少数民族婚姻习俗,尊重少数民族丧葬习俗,防止大众传播媒介中侵犯少数民族风俗习惯的事件发生。
33.我国的各民族逐渐形成了什么?
答:大杂居、小聚居的分布局面。
34.民族区域自治的特性是什么?
答:维护祖国统一,坚持人民民主专政,遵守国家法律法规,自主行使自治权利。
35.民族区域自治遵循的原则是什么?
答:坚持民族平等和民族团结的原则;坚持国家统一和民族自治的原则;坚持自治民族和各民族共同繁荣发展的原则。
36.新时代党的民族工作的重要任务是什么?
答:推动各民族为全面建设社会主义现代化国家共同奋斗。
37.提升民族事务治理体系和治理能力现代化水平要以什么为原则?
答:要以公平公正为原则。
38.提升民族事务治理体系和治理能力现代化水平要针对“三特”制定实施差别化区域支持政策,“三特”具体内容是什么?
答:特定地区、特殊问题、特别事项。
39.新时代党的民族工作格局是什么?
答:党委统一领导、政府依法管理、统战部门牵头协调、民族工作部门履职尽责、各部门通力合作、全社会共同参与。
40.做好新时代民族工作要守好的“五条线”是什么?
答:全面实现小康少数民族一个都不能少这个底线,铸牢中华民族共同体意识这个主线,民族团结这个生命线,依法治理民族事务这个红线,互联网这个防线。
应知应会知识(藏文版)
31.གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྐོར་གྱི་གཞི་རྩའི་སྲིད་ཇུས་ནི།
ལན། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པ་དང་། མི་རིགས་སོ་སོར་རང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་སྒྱུར་བཅོས་བྱེད་པའི་རང་དབང་ཡོད་པ་དེ་ཡིན།
32.གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སྲིད་ཇུས་ལ་བརྩི་འཇོག་བྱེད་པའི་གཞི་རྩའི་ནང་དོན་ནི།
ལན། གྲངས་ཉུང་མི་རིགས་ཀྱི་བཟའ་བཏུང་གི་གོམས་གཤིས་ལ་བརྩི་འཇོག་དང་། གྲངས་ཉུང་མི་རིགས་ཀྱི་ལོ་གསར་དུས་ཆེན་གྱི་གོམས་སྲོལ་ལ་བརྩི་འཇོག་དང་ལྟ་རྟོག གྲངས་ཉུང་མི་རིགས་ཀྱི་གཉེན་སྒྲིག་གོམས་སྲོལ་ལ་བརྩི་འཇོག གྲངས་ཉུང་མི་རིགས་ཀྱི་འདས་མཆོད་གོམས་སྲོལ་ལ་བརྩི་འཇོག ཐུན་མོང་སྨྱན་སྦྱོར་ནང་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་གནོད་འཚེ་གཏོང་བའི་དོན་རྐྱེན་འབྱུང་བ་སྔོན་འགོག་བྱེད་པ་བཅས་ཡིན།
33.རང་རྒྱལ་གྱི་མི་རིགས་སོ་སོ་རིམ་བཞིན
ལན། འདྲེས་སྡོད་ཆེན་པོ་དང་འདུས་སྡོད་ཆུང་ངུའི་ཁྱབ་ཚུལ་ཆགས་ཡོད།
34.མི་རིགས་ས་ཁོངས་རང་སྐྱོང་གི་ཁྱད་ཆོས་ནི།
ལན། མེས་རྒྱལ་གྱི་གཅིག་གྱུར་སྲུང་སྐྱོང་དང་། མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་རྒྱུན་འཁྱོངས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་བརྩི་སྲུང་། རང་བདག་གིས་རང་སྐྱོང་གི་ཁེ་དབང་སྤྱོད་པ་བཅས་ཡིན།
35.མི་རིགས་ས་ཁོངས་རང་སྐྱོང་བྱེད་པར་བརྩི་སྲུང་བྱ་དགོས་པའི་རྩ་དོན་ནི།
ལན། མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ་གྱི་རྩ་དོན་རྒྱུན་འཁྱོངས་དང་། རྒྱལ་ཁབ་གཅིག་གྱུར་དང་མི་རིགས་རང་སྐྱོང་གི་རྩ་དོན་རྒྱུན་འཁྱོངས། མི་རིགས་རང་སྐྱོང་དང་མི་རིགས་སོ་སོ་ལྷན་ཅིག་དར་རྒྱས་གོང་འཕེལ་ཡོང་བའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་བཅས་ཡིན།
36.དུས་རབས་གསར་པའི་ཏང་གི་མི་རིགས་བྱ་བའི་ལས་འགན་གལ་ཆེན་ནི།
ལན། མི་རིགས་སོ་སོས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཉམ་གཅིག་ཏུ་འབད་འཐབ་བྱེད་པར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
37.མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བའི་རྩ་དོན་ནི།
ལན། འདྲ་མཉམ་དང་དྲང་གཞག་བྱ་རྒྱུ་དེ་ཡིན།
38.མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས་ན“དམིགས་བསལ་གསུམ”ལ་གཞིགས་ནས་ཁྱད་པར་ཡོད་པའི་ས་ཁོངས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་དང་ལག་བསྟར་བྱེད་དགོས་པས། སྐབས་འདིའི“དམིགས་བསལ་གསུམ”ཞེས་པ་ནི།
ལན། དམིགས་བསལ་ས་ཁུལ་དང་། དམིགས་བསལ་གནད་དོན། དམིགས་བསལ་དོན་དག་བཅས་ཡིན།
39.དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་རྣམ་པ་ནི།
ལན། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་མཐུན་སྦྱོར། མི་རིགས་ལས་དོན་སྡེ་ཁག་གིས་རང་འགན་གཙང་སྒྲུབ། སྡེ་ཁག་སོ་སོས་མཉམ་ལས་མཉམ་སྒྲུབ་དང་སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཡིན།
40.དུས་རབས་གསར་པའི་མི་རིགས་ལས་དོན་ཡག་པོར་སྒྲུབ་སྐབས་སྲུང་དགོས་པའི“ཐིག་ལྔ”ནི།
ལན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་སྐབས་གྲངས་ཉུང་མི་རིགས་གཅིག་ཀྱང་མེད་དུ་མི་རུང་བའི་མཐའ་ཐིག་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་ཐིག མི་རིགས་མཐུན་སྒྲིལ་གྱི་སྲོག་རྩའི་གཏན་ཐིག ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་གི་དམར་ཐིག སྦྲེལ་དྲའི་འགོག་སྲུང་གི་མཚམས་ཐིག་བཅས་ཡིན།
原标题:《【民族团结】应知应会知识藏汉(四)》
本文为澎湃号作者或机构在澎湃新闻上传并发布,仅代表该作者或机构观点,不代表澎湃新闻的观点或立场,澎湃新闻仅提供信息发布平台。申请澎湃号请用电脑访问http://renzheng.thepaper.cn。





- 报料热线: 021-962866
- 报料邮箱: news@thepaper.cn
互联网新闻信息服务许可证:31120170006
增值电信业务经营许可证:沪B2-2017116
© 2014-2026 上海东方报业有限公司




